དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-08

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (2020ལོའི་ཟླ་9ཚེས་7ནས་ཟླ་9ཚེས་13ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ། ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་དུ་ཆར་པ་ཆུང་བ་འབབ་རྒྱུ་དང་། ས་བབ་དམའ་སར་ཆར་པ་འབྲིང་བ་འབབ་རྒྱུ། ནག་ཆུའི་ཤར་རྒྱུད་དང་། ཆབ་མདོ་དང་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་སྤྲིན་པ་མང་པོ་འཁོར་བ་ནས་གནམ་འཐིབ་རྒྱུ། ས་ཆ་ཁག་གཅིག་ལ་ཐོལ་ཆར་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་ཉུང་ནས་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་ལྷག་པ་དང་ཕུར་བུར། ཉིང་ཁྲིར་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ཤར་ལྷོའི་རྒྱུད་ཀྱི་ཤང་དང་གྲོང་རྡལ་ཁག་གཅིག་ཏུ་ཆར་པ་ཆེན་པོ་འབབ་རྒྱུ། ལྷོ་ཁའི་ལྷོ་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་དུ་ཆར་པ་ཆུང་བ་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཆ་ཁག་གཅིག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཁུལ་གཞན་དག་ལ་ཐོལ་ཆར་འབབ་རྒྱུ།

    གཟའ་པ་སངས་ནས་ཉི་མའི་བར། ཉིང་ཁྲི་དང་གཞིས་རྩེའི་ལྷོ་རྒྱུད་དང་ལྷོ་ཁའི་ལྷོ་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། ཡར་ཀླུང་གཙང་པོ་རྒྱུག་ཁུལ་དང་། ཆབ་མདོ་དང་ནག་ཆུའི་ཤར་རྒྱུད་དུ་ཆར་པ་ཆུང་བ་འབབ་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་ཉུང་ནས་མང་པོ་འཁོར་རྒྱུ།

    གཉིས། གྲོས་འགོ

    1.ཞིང་ཁུལ་གཙོ་བོས་གནམ་གཤིས་བཟང་པོ་དང་བསྟུན་ནས་ཞིང་ལས་ཡག་པོ་བྱེད་དགོས།

    2.ཤར་ལྷོའི་རྒྱུད་ཀྱི་ས་ཆ་ཁག་གཅིག་གིས་ཆུ་ལོག་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ཀྱི་ས་གཤིས་ཀྱི་གནོད་འཚེར་དོགས་ཟོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།