དབུ་ཤོག>གསར་འགྱུར།
  • ཆ་སྒྲིག་གཉེན་འཚོལ་དངོས་ཕན་བཏོད། སྤེལ་རེས་མཉམ་འདྲེས་མཐུན་སྒྲིལ་བསྐྱངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-04

    2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་མཐའ་མའི་རྒྱལ་ཁ་ལེན་པའི་ལོ་ཞིག་རེད། ཁ་གཏད་རོགས་སྐྱོར་དང་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཀོང་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད་དང་། མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་སྤུས་རྟགས་གཏོད་ཆེད། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས“ཆ་སྒྲིག་གཉེན་འཚོལ་དང་སྤེལ་རེས་མཉམ་འདྲེས”ཀྱི་བྱེད་སྒོ་སྤེལ་ནས། ཀོང་ཏུང་གི་བོད་སྐྱོར་རུ་ཁག་དང་བོད་རིགས་མང་ཚོགས་དབར་གྱི་ཕྱོགས་ཡོངས་དང་། གཏིང་ཟབ། སྣ་མང་བཅས་ཀྱི་ཆ་སྒྲིག་རོགས་སྐྱོར་ལ་སྐུལ་འདེད་བཏང་ཞིང་། “ཀོང་བོད་ཁྱིམ་ཚང་གཅིག་ལྟར་བརྩེ། རྒྱ་བོད་ཁྱིམ་ཚང་གཅིག་ལྟར་བརྩེ”བའི་འདུ་ཤེས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་གཏིང་དུ་ཟུག་པར་བྱས་པ་རེད།

    “ཆུས་དང་ཤང་སྦྲེལ་མཐུད”ཀྱི་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་པ།

    ཉེ་བའི་ལོ་ཤས་རིང་། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་རེས་སྐོར་གསར་པའི་བོད་སྐྱོར་ལས་དོན་ཁྲོད།“ཆུས་དང་ཤང་སྦྲེལ་མཐུད”ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། ཀོང་ཏུང་དང་ཉིང་ཁྲིའི“ཆ་སྒྲིག་གཉེན་འཚོལ་དང་། སྤེལ་རེས་མཉམ་འདྲེས”ཀྱི་བྱ་སྤྱོད་སྤེལ་བ། “གནས་དང་གནས། མཚམས་དང་མཚམས། ངོ་ཐུག་གདོང་འཕྲད”བཅས་འཕེལ་རྒྱས་གཏིང་ཟབ་བཏང་བ་བརྒྱུད། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་དམིགས་ནས་ཀོང་ཏུང་གི་ཆུས་དང་ཉིང་ཁྲིའི་ཤང་གི་ཆ་སྒྲིག་རོགས་སྐྱོར་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

    མིག་སྔའི་བར། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་9.34བཏང་ནས་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་རྣམ་གྲངས་49ལག་ལེན་བསྟར་བ་དང་། ཀོང་ཏུང་ཞིང་ཆེན་གྱི་གྲོང་ཁྱེར(རྫོང་དང་ཆུས)དང་ཤང་དང་གྲོང་རྡལ(ཁྲོམ་གཞུང)67དང་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང(ཆུས)དང་ཤང་དང་གྲོང་རྡལ(ཁྲོམ་གཞུང)66དབར་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་བཏང་བ་རེད།

    དེ་དང་དུས་མཚུངས། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་154ཡིས་ཆ་སྒྲིག་རོགས་སྐྱོར་གྱི་བྱ་ཐབས་སྤྱད་དེ་སྔ་རྗེས་སུ་དུད་ཚང་163གྱི་མི་690དང་ཆ་སྒྲིག་བྱས་པ་རེད། 

    སློབ་གསོའི་ཚོགས་སྒྲིག་དང་ཆ་སྒྲིག་ཚང་མར་ཁྱབ་པར་བྱས་པ།

    ཀོང་ཏུང་ཞིང་ཆེན་གྱི་སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་ནུས་ཤུགས་ལ་བརྟེན་ནས། ཀོང་ཏུང་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་དགེ་རྒན་གྱི་གདོང་ལེན་མིག་དཔེའི་ནུས་པ་གང་ལེགས་བཏོན་པ་དང་། བྱེད་སྒོར་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་འཕེལ་རྒྱས་དོན་གཉེར་བྱས་ཏེ་ཏང་རྩ་འཛུགས་ཀྱི་འཐབ་ནུས་ཆེ་རུ་དང་བོད་སྐྱོར་གྱི་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་བ་རེད།

    ——“སློབ་གྲྭ་དང་ས་གནས་མཉམ་སྐྲུན”གྱི་རྣམ་གྲངས་བཙུགས་ཤིང་། ཀོང་ཏུང་ཞིང་ཆེན་སློབ་གསོ་ཐིང་གིས་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་གྲོས་མཐུན་བཞག་པ་དང་། ཀོང་ཏུང་གི་མཐོ་སློབ་11གིས་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་དྲུག་ཆུས་གཅིག་གི་མི་དམངས་སྲིད་གཞུང་དང་གྲོང་ཁྱེར་སློབ་གསོ་ཅུས་དང་རྫོང་ཆུས་ཁག དེ་བཞིན་གྲོང་ཁྱེར་ཐད་གཏོགས་བཅས་དང་སློབ་གྲྭ་མཉམ་སྐྲུན་གྱི་གྲོས་མཐུན་བཞག་ནས་ཉིང་ཁྲིའི་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

    ——“སློབ་གྲྭ་གྲགས་ཅན་+”ཀྱི་གནད་སྨིན་རོགས་སྐྱོར་གྱི་འདུ་འགོད་ལག་ལེན་བསྟར་ཞིང་། ཀོང་ཏུང་དང་ཉིང་ཁྲིའི་ས་གནས་གཉིས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་སོགས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་མཛའ་མཐུན་ཆ་སྒྲིག་སློབ་གྲྭར་གྱུར་ནས། ཕྱོགས་གཉིས་པོས་སློབ་གསོ་སློབ་ཁྲིད་ཞིབ་འཇུག་གི་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་འདྲེས་ལ་ཤུགས་སྣོན་བརྒྱབ་སྟེ། འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་བ་རེད།

    ——“གཅིག་གཏད་མང”གི་ཆ་སྒྲིག་རོགས་སྐྱོར་བྱེད་སྟངས་བཙུགས་ཤིང་། ཉིང་ཁྲི་གྲོང་ཁྱེར་གྱི་སློབ་གྲྭའི་སློབ་མ་དབུལ་པོ་དང་ཆ་སྒྲིག་བྱས་ཏེ་སློབ་མའི་རྣམ་ཀུན་གྱི་དངོས་ཡོད་དཀའ་ངལ་སྣ་ཚོགས་ཐག་གཅོད་བྱས་ཏེ་བསམ་བློའི་ཐད་ཀྱི་དོགས་གཞི་སེལ་བ་དང་། འཚོ་བའི་ཐད་རོགས་དངུལ་སྤྲོད་པ། སློབ་སྦྱོང་ཐད་ཡར་རྒྱས་ཡོང་བ་བཅས་བྱས་པ་རེད། སློབ་མར་སློབ་གསོ་ཁྲིད་སྟོན་བྱ་རྒྱུ་དེ་རོགས་སྐྱོར་བྱེད་སྒོ་ཧྲིལ་པོར་ཁྱབ་པར་བྱས་ནས་བསམ་བློའི་ཐད་སློབ་མར་ཕུགས་བསམ་ཆེན་པོ་འཛུགས་རོགས་བྱས་ནས་འཐུས་སྒོ་ཚང་བའི་མི་གཤིས་དང་བསམ་བློ་ཀུན་སྤྱོད་བཟང་པོ་འཇགས་པར་བྱས་པ་རེད།

    སྨན་བཅོས་ཚོགས་སྒྲིག་གིས་ཆ་སྒྲིག་རིམ་སྤོར་ལ་སྐུལ་འདེད་བཏང་བ།

    ཀོང་ཏུང་ཞིང་ཆེན་གྱིས་བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣའི་ནུས་པ་གང་ལེགས་བཏོན་ཏེ་ཆ་སྒྲིག་ལ་བརྟེན་ནས་ཉིང་ཁྲིར་སྨན་བཅོས་འགན་ལེན་བྱས་ཤིང་། ཀོང་ཏུང་ཞིང་ཆེན་གྱི“ཀ་པ་རིམ་པ་གསུམ་པའི”སྨན་ཁང་12ཀྱིས་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཁོའོ་དང་ཁང་14དང“སྨན་ཁང་གིས་ཚན་ཁག་འགན་ལེན”གྱི་རྣམ་པའི་ཐོག་ནས་ཆ་སྒྲིག་གཉེན་འཚོལ་བྱས་པ་དང་། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣ་18ཀྱིས་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་དོན་མི་སྣ་38དང“དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པའི”བྱེད་སྟངས་ཐོག་ནས་ཆ་སྒྲིག་གཉེན་འབྲེལ་བྱས་པ་རེད། ཀོང་ཏུང་ཞིང་ཆེན་སྨན་བཅོས་ལས་དོན་ཚོགས་ཆུང་གིས་ཉིང་ཁྲི་གྲོང་ཁྱེར་གྱི་སློབ་གྲྭ་དང་ཁེ་ལས་ཁག་གཅིག་དང་ཆ་སྒྲིག་གཉེན་འབྲེལ་བྱས་ཏེ། “སྨན་བཅོས་བོད་སྐྱོར་གྱིས་ཐོག་མའི་བསམ་འདུན་ལག་ལེན་བསྟར་བ་དང་པའེ་ཆིའུ་ཨེན་སློབ་གྲྭའི་བདེ་ཐང་གཤམ་སྤེལ”གྱི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་དང་། ཆ་སྒྲིག་རོགས་སྐྱོར། སྒོ་རྩར་སྨན་བཅོས་བྱེད་པ། བདེ་ཐང་སྒྲོག་འགྲེལ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ཉིང་ཁྲི་གྲོང་ཁྱེར་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་བ་རེད།

    སྔར་ནས་བཟུང་། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས“ཆ་སྒྲིག་གཉེན་འཚོལ་དང་སྤེལ་རེས་མཉམ་འདྲེས”ཀྱི་འབྲེལ་ཡོད་ལས་དོན་བརྒྱུད། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ་དང་རྒྱ་བོད་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་དྲོ་སྐྱིད་དང་མཛའ་བརྩེ་ལྡན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུར་བརྩོན་ལེན་བྱས་ཏེ། མི་རིགས་ཁག་གི་མི་དམངས་སེ་འབྲུའི་འབྲུ་གུ་བཞིན་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་བ་དང་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།