ཉིན་ཤས་གོང་། ཟངས་རི་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ཞིབ་བཤེར་ཚོགས་ཆུང་ཟངས་རི་རྫོང་རོང་ཤང་ཆ་ཚང་སློབ་ཆུང་དུ་བསྐྱོད་དེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་རྩ་འཛུགས་དང་འགོ་ཁྲིད་འཛུགས་སྐྱོང་། སློབ་གྲྭའི་རིག་གནས་སྐྱེད་སྲིང་། བརྗོད་དོན་གཙོ་བོའི་བྱེད་སྒོ་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་དམིགས་ནས་ཆེད་དོན་ཞིབ་བཤེར་བྱས་པ་རེད།
ཞིབ་བཤེར་ཚོགས་ཆུང་གིས་བླང་བྱ་བཏོན་དོན། རོང་ཤང་ཆ་ཚང་སློབ་ཆུང་གིས་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་དང་། ཚུགས་གནས་མཐོ་རུ་གཏོང་བ། གནས་ཚད་མཐོ་པོས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ལས་དོན་སློབ་གྲྭའི་ལས་དོན་ཡོངས་ཀྱི་གྲུབ་ཆའི་ཆ་ཤས་གལ་ཆེན་དུ་འགྱུར་བའི་བརྩོན་ལེན་བྱེད་དགོས་པ་དང་། འགོ་ཁྲིད་ཀྱི་འགན་ལེན་དང་ཐོན་ཁུངས་ཀྱི་འདེགས་སྐྱོར་ཤུགས་ཆེན་བྱས་ཏེ་འགོ་ཁྲིད་དང་། སྟོབས་ཤུགས། གྲོན་དངུལ། བྱ་ཐབས་བཅས་གནད་འཁེལ་ཡོང་བ་བྱེད་དགོས་པ། བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། བྱེད་སྒོའི་རྣམ་པ་གསར་གཏོད་བྱེད་པ། བྱེད་སྒོའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་སློབ་ཁྲིད་ཅན་དང་། རོལ་རྩེད་ཅན། ཀུན་ཁྱབ་ཅན་བཅས་ཀྱི་སྤུས་རྟགས་བྱེད་སྒོ་གཏོད་པ། རིགས་ཁག་གི་བྱེད་སྒོའི་ཡིད་དབང་འགུག་ཤུགས་དང་། ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་དགེ་སློབ་ཚང་མས་བྱེད་སྒོ་བརྒྱུད་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། བསམ་བློའི་འདུ་ཤེས་ཟབ་ཏུ་གཏོང་བ། བྱ་སྤྱོད་ཀྱི་ཚད་ཤིང་ཡོད་པ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ལག་ལེན་པ་དང་། དཔང་པོ། ཕན་པ་ཐོབ་མཁན་བཅས་སུ་འགྱུར་བ་བྱེད་དགོས།
“མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་གཞི་རྟེན་གལ་ཆེན་ཞིག་གི་ངོས་ནས། སློབ་གྲྭས་བར་མཐོངས་རྒྱ་སྐྱེད་དང་ལས་སྟེགས་གཏོད་པ། སློབ་གྲྭའི་ད་ཡོད་ཀྱི་བར་མཐོངས་གང་ལེགས་སྤྱད་དེ་ཕྱོགས་ཡོངས་ལ་ཁྱབ་པའི་དྲིལ་བསྒྲགས་བྱེད་སྟངས་ལ་བརྟེན་ནས་དགེ་སློབ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་སེམས་པ་དང་། ལས་འགན་སྒྲུབ་སེམས། ཐོབ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས”ཞེས་ཟངས་རི་རྫོང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་བྱམས་པས་བརྗོད་པ་རེད།