དབུ་ཤོག>གསར་འགྱུར།
  • པེ་ཅིང་ནས་བསྐུར་བའི་ཐུགས་རྗེ་ལེགས་འབུལ་ཞུ་བའི་ཡི་གེ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-04

    ཟླ་7ཚེས་2ཉིན། རྒྱལ་ས་པེ་ཅིང་ནས་ཐུགས་རྗེ་ལེགས་འབུལ་ཞུ་བའི་ཡི་གེ་ཞིག་རི་ཀླུང་མང་པོ་བརྒལ་ནས། བོད་ལྗོངས་མངའ་རིས་ས་ཁུལ་རྡོ་དམར་མཐའ་མཚམས་མངགས་གཏོང་ཁང་དུ་འབྱོར། པེ་ཅིང་གི་རྒན་ཡོལ་ཞུས་པའི་བགྲེས་སོང་ཝུའུ་ཁྲང་ཧུང་གི་ཡི་གེའི་ནང“རྡོ་དམར་མཐའ་མཚམས་མངགས་གཏོང་གི་དབུ་ཁྲིད་སྐུ་ཁམས་བཟང་། ཟླ་དྲུག་པར་ང་རང་བོད་ལྗོངས་མངའ་རིས་ས་ཁུལ་རྡོ་དམར་ཤང་དུ་ཡུལ་སྐོར་བྱེད་སྐབས། ས་མཐོ་མི་འཕྲོད་པར་ཉེན་ཁའི་གནས་སུ་གྱར་བྱུང་། སྐབས་དེ་དུས་ཁྱེད་སུའོ་ཡི་མི་དམངས་ཉེན་རྟོག་པས་རོགས་རམ་ཆེན་པོ་བྱས་བྱུང་། ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་གོས་དར་ཡང་འབུལ་རྒྱུ་ཡིན”ཞེས་བྲིས་ཡོད་པ་རེད།

    བགྲེས་སོང་ཝུའུ་ཁྲང་ཧུང་གི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེའི་ནང་གླེང་བའི་རྡོ་དམར་མཐའ་མཚམས་མངགས་གཏོང་ཁང་ནི་བོད་ཀྱི་མཐའ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཏུ་གཏོགས་པ་དང་། མངའ་རིས་ས་ཁུལ་རུ་ཐོག་རྫོང་རྡོ་དམར་ཤང་ཁོངས་ཀྱི་རྒྱལ་ལམ་219རྒྱུད་དུ་གནས་ཤིང་། དམིགས་བསལ་གྱི་ས་བབ་ཀྱིས་རྐྱེན་པས་ལོ་མང་རིང་མངགས་གཏོང་ཁང་དེས་ཡུལ་སྐོར་བ་200ལྷག་ཙམ་ཉེན་ཁའི་གནས་ལས་བསྐྱབས་ཡོད།

    ཟླ་6ཚེས་10ཉིན་གྱི་དགོང་མོའི་ཆུ་ཚོད་10སྐར་མ་45ཙམ་དུ་རྡོ་དམར་མཐའ་མཚམས་མངགས་གཏོང་ཁང་ལ་ཁོངས་གཏོགས་ཁུལ་གྱི་ཀུའེ་ཧྭ་མགྲོན་ཁང་གི་སྦྱིན་བདག་ལི་ལགས་ཀྱིས་ཁ་པར་བརྒྱབ་ནས་སྙན་སེང་ཞུས་དོན། པེ་ཅིང་ནས་ཡོང་བའི་ཡུལ་སྐོར་བ་ཞིག་གི་གཟུགས་པོ་བདེ་པོ་མི་འདུག་པས་མངགས་གཏོང་ཁང་གིས་རོགས་རམ་བྱེད་རོགས་ཞུས། ལས་རེས་མི་དམངས་ཉེན་རྟོག་པ་བསྟན་འཛིན་དོན་གྲུབ་ཀྱིས་རོགས་སྐྱོར་རེ་ཞུའི་ཁ་པར་འབྱོར་འཕྲལ་འགོ་ཁྲིད་ལ་སྙན་སེང་ཞུས་པ་དང་། མངགས་གཏོང་ཁང་གིས་དེ་མ་ཉིད་དུ་བཅའ་སྡོད་བྱ་ཡུལ་གྱི་ཤང་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣ་དང་འབྲེལ་གཏུག་བྱས་པ་མ་ཟད། ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་གསོ་རླུང་དམ་བི་དང་སྨན་རྫས་སོགས་ཁྱེར་ནས་མགྲོན་ཁང་དུ་མགྱོགས་མྱུར་བསྐྱོད། མགྲོན་ཁང་དུ་སླེབས་དུས་ཝུའུ་ཁྲང་ཧུང་རིག་པ་གསལ་པོ་མེད་པ་དང་། མཆུ་ཏོ་སྨུག་པོར་གྱུར་པ་མ་ཟད། དབུགས་ཀྱང་གཏོང་ཁག་པོ་ཡོད་པ་མཐོང་། ཉམས་མྱོང་ལྟར་ན། ས་མཐོ་མི་འཕྲོད་པའི་ནད་རྟགས་རེད། མི་དམངས་ཉེན་རྟོག་པས་འཕྲལ་མར་རོགས་སྐྱོབ་བྱས་ཏེ་གསོ་རླུང་རྔུབ་ཏུ་བཅུག་པ་དང་། སྨན་སྟེར་བ། འཕུར་མཉེད་གཏོང་བ་སོགས་སྐྱོབ་བཅོས་ཆུ་ཚོད་3ལྷག་ཙམ་བྱས་མཐར་བགྲེས་སོང་གཞི་ནས་དྲག་སྐྱེད་བྱུང་།

    “ད་ལྟ་ང་སྐྱུག་མེར་ཆེན་པོ་ལངས་ཀྱི་མི་འདུག ཁྱེད་ཚོ་མཐོང་བས་ང་བློ་བདེ་པོ་བྱུང”ཞེས་བགྲེས་སོང་གིས་མི་དམངས་ཉེན་རྟོག་པ་བསྟན་འཛིན་དོན་གྲུབ་ཀྱི་ལག་པ་ནས་འཇུས་ཏེ་དགའ་ཚོར་ངང་བརྗོད། ཕྱི་ཉིན་གྱི་ཐོ་རེངས་ཆུ་ཚོད་3པ་ཙམ་ལ་ནད་གཞི་སངས་དྲག་ཕྱིན་པས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་གཞི་ནས་ཚན་པར་ལོག

    མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པའི་སེམསས་རྩ་འཁོལ་བའི་རོགས་རམ་ཐོབ་པས། བགྲེས་སོང་ཝུའུ་ཁྲང་ཧུང་གིས་པེ་ཅིང་དུ་ལོག་རྗེས་ཐུགས་རྗེ་ལེགས་འབུལ་ཞུ་བའི་ཡི་གེར་བརྟེན་ནས་མི་དམངས་ཉེན་རྟོག་པར“བཀའ་དྲིན་ཆེ”ཞུས་པ་རེད། རི་ཀླུང་མང་པོ་བརྒྱུད་ནས་འབྱོར་བའི་ཐུཌ་རྗེ་ལེགས་འབུལ་ཞུ་བའི་ཡི་གེ་དེ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་མཚོན་ན་ཅུང་བསམ་ཡུལ་ལས་འདས་པ་ཞིག་རེད། “དེ་དག་ནི་ང་ཚོས་སྒྲུབ་འོས་པ་ཞིག་རེད། ཐོག་མའི་བསམ་འདུན་མ་བརྗེད་པར་མི་དམངས་ལ་ཞབས་འདེགས་ཞུ་བ་ནི་ང་ཚོའི་འགྱུར་མེད་ཀྱི་དད་སེམས་ཡིན”ཞེས་རྡོ་དམར་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་ཀྲང་སི་ཙུའུ་ཡིས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།