དབུ་ཤོག>གསར་འགྱུར།
  • མཛེས་པའི་རྩྭ་ཐང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-09-03

    765721_yis_1599022968971_s.jpg

    འདི་ནི་བོད་རིགས་ཀྱི་རྟ་པ་ཚོས་དོམ་ཕྲུག་རྩྭ་ཐང་དུ་རྟ་རྩལ་ངོམ་བཞིན་པ།

    765720_yis_1599022968425_s.jpg

    འདི་ནི་དོམ་ཕྲུག་རྩྭ་ཐང་གི་གུར་ཡིན་པ།

    ཉེ་ཆར་ཚོན་མདངས་རྣམ་པར་བཀྲ་བའི་ཀན་ལྷོའི“ཤམ་བྷ་ལའི”ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་དོམ་ཕྲུག་རྩྭ་ཐང་དུ་གཉེར་བ་རེད། མི་རྣམས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ཏེ་གླུ་ལེན་གར་འཁྲབ་དང་ལྷན་དུ་འཛོམས་ནས་རྟ་པའི་སྐོར་སྐྱོད་ཡུལ་སྐོར་དང་། མི་སྟོང་གི་སྒོར་གཞས། མི་རིགས་ཀྱི་རྒྱན་གོས་སྤྱན་འབུལ་སོགས་ངོ་མཚར་ཆེ་བའི་བྱེད་སྒོ་སྤེལ་བ་རེད།

    ཉེ་བའི་ལོ་ཤས་རིང་། ཀན་ལྷོ་ཀྲོའུ་ཡིས་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོར་བརྟེན་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། ལས་རྣམ་མང་བའི་ཁུལ་ཡོངས་ཡུལ་སྐོར་གྱི་རྣམ་པ་གསར་པ་དབུལ་སྒྲོལ་འགག་སྒྲོལ་གྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་གྱུར་ནས་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྔར་བས་སྐུལ་ཁྲིད་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།