
སྡོད་སྟངས་ཡག་པོ་དགོས།
རྣམ་ཀུན་ནས་རྐུབ་སྟེགས་ཐོག་སྡོད་སྐབས་རྒྱབ་སྙེས་ལ་ཡག་པོ་སྙེས་དགོས་པ་མ་ཟད། རྐང་མཐིལ་གཉིས་ས་ལ་ལྷོད་པོར་འཇོག་དགོས། ཡག་ཤོས་བྱུང་ན་རྐང་པའི་སྟེང་རྐང་པ་འཇོག་མི་རུང་།

ལག་པར་སྐྱོར་ར་དགོས།
ལག་པ་སྒྲོག་རྩེའི་སྟེང་བཞག་སྟེ་མཐོ་དམན་སྙིང་དང་མཉམ་པ་བྱེད་དགོས།

དབུགས་ཀྱི་རྒྱུ་བ་སྙོམས་པོ་དགོས།
དབུགས་རིང་ཞིག་རྔུབ་རྗེས་དལ་བུར་འབྱིན་དགོས་པ་དང་། དེ་ལྟར་ཐེངས་མང་བྱས་ན་ལུས་སེམས་སྐྱིད་པོ་ཡོང་ཐུབ།

ཅོག་ལེ་ནག་པོ་ཟ་དགོས།
ཞིབ་འཇུག་ཐེངས་མང་བྱས་པའི་ཚད་ལྡན་གྱི་ཡིག་ཆ་ལས་ཤེས་རྟོགས་བྱུང་བར། ལུས་པོ་ཐང་པོ་ཡིན་པའི་དར་མ་ཚོས་ཁོལ་ཁོལ་ཁུ་ནག་དང་ཅོག་ལེ་ནག་པོ་སོགས་རྒྱུ་ཧོང་ཝན་ཁྲུན་ཕུན་སུམ་ཚོགས་པའི་ཟས་རིགས་ཚད་རན་པོ་བཟས་ན། ཁྲག་ཤེད་ཕྲན་ཙམ་གཅོག་ཐུབ་ཀྱི་ཡོད། ཡིན་ནའང་། རྒྱུན་གཏན་གྱི་འཚོ་བའི་ནང་བཟའ་བཏུང་གི་གོམས་གཤིས་ཡག་པོ་ཞིག་འཇགས་རྒྱུ་དེ་བས་གལ་འགངས་ཤིན་ཏུ་ཆེ།

ལག་ཤུགས་སྦྱོང་བརྡར་བྱེད་དགོས།
ཞིབ་འཇུག་ལས་མངོན་པར། བདེ་མོ་ཐང་བའི་དར་མས་གཟའ་འཁོར་རེར་ལག་ཤུགས་ཐེངས་3དང་ཐེངས་རེར་སྐར་མ་15སྦྱོང་དགོས་པ་མ་ཟད། སྦྱོང་བརྡར་འདི་གཟའ་འཁོར་10རྒྱུན་འཁྱོངས་བྱས་ཚེ། ཁྲག་ཤེད་ཧའོ་སྨི་ཀུང་ཀྲུའུ་10དམའ་རུ་གཏོང་ཐུབ་མོད། ཡིན་ནའང་། ཁྲག་ཤེད་མ་འཇལ་གོང་གི་ཆུ་ཚོད་1གི་ནང་ཚུན་དུ་སྦྱོང་བརྡར་འདི་བྱ་རྒྱུ་མེད། གང་ལགས་ཤེ་ན། ཁྲག་ཤེད་ཚད་འཇལ་གྱི་འབྲས་བུར་འགོག་རྐྱེན་བཟོ་སྲིད།