
ཟླ་8ཚེས་25ཉིན། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་དབང་པོ་སྐྱོན་ཅན་ལ་སེམས་ཁུར་བྱེད་པའི་རྐུབ་སྟེགས་འཁོར་ཅན་གྱི་ལག་རྩེད་སྤོ་ལོ་རུ་ཁག་གི་སྤྱི་ཕན་བྱེད་སྒོ་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་ལྟེ་གནས་ཀྱི་ལག་རྩེད་སྤོ་ལོ་ཁང་དུ་སྤེལ་བ་རེད། ཐེངས་འདིའི་བྱེད་སྒོར“ལག་རྩེད་སྤོ་ལོ་ལས་འཚོ་བ་དེ་བས་མཛེས་སྡུག་ལྡན་པར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་བྱ་གཞག་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་དེ་རེད། འདི་ནི་ལྷ་སའི་རྐུབ་སྟེགས་འཁོར་ཅན་གྱི་ལག་རྩེད་སྤོ་ལོ་རུ་ཁག་གི་རུ་མི་ནོར་བུ་ཚེ་དབང(གཡས་ཀྱི་མདུན)གིས་སྤེལ་རེས་འགྲན་བསྡུར་ནང་སྤོ་ལོ་འཕེན་བཞིན་པ།