
འདི་ནི་ཟླ་8ཚེས་25ཉིན་ལས་བྱེད་སློབ་མས་ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་བཞིན་པ།
ཉེ་ཆར། དྲག་ཆས་ཉེན་རྟོག་སྐབས་བསྟུན་སྤྱི་ཁྱབ་རུ་ཁག་གཉིས་པའི་བོད་སྡོད་ཉིང་ལག་རུ་ཁག་ཅིག་ཏུ་སློབ་ཐོན་དམག་དཔོན་ལས་བྱེད་སློབ་མ་20ལྷག་ཙམ་སླེབས་པ་དང་། དཔུང་སྡེའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་ཤེས་རྟོགས་བྱེད་ཆེད། སློབ་མ་རྣམས་ཀྱིས་ཉིང་ལག་རུ་ཁག་གི་ལོ་རྒྱུས་ཁང་དུ་བསྐྱོད་ནས། པར་རིས་དང་། ཡི་གེ དངོས་རྫས་བཅས་མང་པོ་བརྒྱུད་དཔུང་སྡེའི་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་རྒྱུས་མངའ་ཟབ་མོ་ལོན་པ་རེད། དེ་དང་དུས་མཚུངས། ཁོང་ཚོས་ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག་སྟེ། ས་མཐོར་རྩ་བ་ཚུགས་པ་དང་མཐའ་མཚམས་ལ་ལེགས་སྐྱེས་འབུལ་བའི་ཕུགས་བསམ་དང་དད་སེམས་བརྟན་དུ་ནུས་ལྡན་ཕྱིན་པ་རེད།