
ཉེ་ཆར། “བོད་ལྗོངས་ཇོ་མོ་གླང་མའི་པར་རིས་འགྲན་བསྡུར་ཆེ་མོ་སྐབས་བཅུ་གསུམ་པ———བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་འགྲེམས་སྟོན”ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འགོ་ཚུགས་པ་རེད། ད་རེས་ཀྱི་ཆེད་དོན་འགྲེམས་སྟོན་ཐོག་ཕུལ་བྱུང་པར་རིས་བརྩམས་ཆོས་400ཙམ་ཡོད་པ་དེ་དག་ལས་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། དེ་བཞིན་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཆེན་པོ་བཅས་མངོན་ཞིང་། འདི་ནི་གྲོང་མི་དང་ཡུལ་སྐོར་བས་པར་རིས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།