
ཞོ་སྟོན་ནི་ལྷ་སའི་ལོ་གཅིག་དུས་གཅིག་གི་རིག་གནས་ཡུལ་སྐོར་གྱི་དུས་ཆེན་གཟབ་རྒྱས་ཤིག་རེད། འདི་ལོའི་ཞོ་སྟོན་རིང་ལྷ་མོ་འཁྲབ་སྟོན་དང་། འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན། ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་འོས་སྦྱོར་ངོ་སྤྲོད། རྟ་རྩལ་ངོམ་སྟོན། སྤུས་ལེགས་གྲགས་ཅན་ཚོང་ཟོག་ཉོ་ཚོང་། བོད་ལྗོངས་ཇོ་མོ་གླང་མའི་པར་ལེན་འགྲན་བསྡུར་ཆེན་པོ་སྐབས་བཅུ་གསུམ་པ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཞིང་། འདི་ནི་ལྷ་ས་གྲོང་ཁྱེར་ཀྲོའུ་ཅིས་གསོལ་མགྲོན་ཁང་ཆེ་མོར་སྲོལ་རྒྱུན་གྱི་ལྷ་མོ་དང་དེ་བཞིན་དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བཞིན་པ།