
འདི་ནི་ལྷ་ས་གྲོང་ཁྱེར་བྱང་འདབས་རྟ་རྒྱུག་ཐང་དུ་རྟ་རྒྱུག་འགྲན་པའི་རྣམ་པ་ཡིན་པ།
ད་ལོའི་ཞོ་སྟོན་གྱི་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་ངོམ་སྟོན་ཟླ་8ཚེས་20ཉིན་ལྷ་ས་གྲོང་ཁྱེར་བྱང་འདབས་ཀྱི་རྟ་རྒྱུག་ཐང་དུ་གཉེར་བ་རེད། སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ལ་སྲོལ་རྒྱུན་གྱི་རྟ་རྩལ་ངོམ་སྟོན་དང་། སྨི་3000 སྨི་5000གི་མྱུར་ཚད་འགྲན་བསྡུར་དངོས་སུ་འགོ་ཚུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ལེ་ཚན་ཆེ་བ་ཁྱོན་16དང་ལེ་ཚན་ཆུང་བ་ཁྱོན་30ཙམ་ཡོད་པ་དང་དེའི་ནང་སྲོལ་རྒྱུན་གྱི་རྟ་རྩལ་ངོམ་སྟོན་ཡོད་ལ་དེང་རབས་ཀྱི་རྟ་རྩལ་ངོམ་སྟོན་ཀྱང་ཡོད།