དབུ་ཤོག
  • ཞོ་སྟོན་གྱི་བྱེད་སྒོ་འགྱུར་ལྡོག་གཏོང་རྒྱུའི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-18

    2020ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་གྱི་བྱེད་སྒོ་འགྱུར་ལྡོག་གཏོང་རྒྱུའི་སྤྱི་བསྒྲགས།

    ཏོག་གསར་གློ་ཚད་རིམས་ནད་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་གྱི་དགོས་མཁོ་གཞིར་བཟུང་། མི་སྣ་འདུ་འཛོམས་བྱེད་ཉུང་དུ་བཏང་ནས་གྲོང་མིའི་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་ནུས་ལྡན་བྱ་ཆེད།  2020ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ཞིབ་འཇུག་དང་མོས་མཐུན་བྱས་པ་བརྒྱུད། ཞོ་སྟོན་གྱི་བྱེད་སྒོ་འགའ་ཞིག་ལ་འགྱུར་ལྡོག་གཏོང་རྒྱུའི་གཏན་འབེབས་བྱས་ཡོད། ད་ལྟ་སྤྱི་བསྒྲགས་སྤེལ་རྒྱུ་གཤམ་གསལ།

    གཅིག ནོར་བུ་གླིང་ཁར་གཉེར་རྒྱུའི་ལྗོངས་ཡོངས་ཀྱི་ལྷ་མོ་འགྲན་བསྡུར་སྐབས་དྲུག་པ་དེ་གཉེར་མཚམས་བཞག་ནས་རིག་རྩལ་འཁྲབ་སྟོན་ལ་བསྒྱུར་རྒྱུ། 

    དུས་ཚོད། ཟླ་8ཚེས་19ཉིན་གྱི་སྔ་དྲོའི་ཆུ་ཚོད་11:00ནས་12:30བར་ཡིན།

    གཉིས། སྲོལ་རྒྱུན་གྱི་ལྷ་མོ་དང་དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་བྱ་ཡུལ་དེ་པད་ནག་ལུང་ཤུར་དང་། སྟག་གདོང་གྲོང་ཚོ། ཀྲོའུ་ཅི་ཐང་ཆེན། ཆུ་མིག་ལམ་འདམ་རའི་སྤྱི་གླིང་། ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་བཅས་སུ་བཀོད་སྒྲིག་བྱ་རྒྱུ། 

    དུས་ཚོད། ཟླ་8ཚེས་19ཉིན་ནས་8ཚེས་21ཉིན་བར་ཡིན། (ཉིན་ལྟར་ཆུ་ཚོད11:00ནས་13:00བར)

    གསུམ། མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་ངོམ་སྟོན། 

    དུས་ཚོད། ཟླ་8ཚེས་20ཉིན་གྱི་སྔ་དྲོའི་ཆུ་ཚོད་9:30ནས་11:30བར་བསྒྱུར་རྒྱུ།

    བཞི། བོད་ཀྱི་མིག་མངས་འགྲན་བསྡུར་བྱེད་སྒོ་སྤེལ་ས་དེ་རྫོང་རྒྱབ་ཀླུ་ཁང་ནས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་བསྒྱུར་རྒྱུ། 

    དུས་ཚོད། ཟླ་8ཚེས་19ཉིན་གྱི་ཆུ་ཚོད་10:00ནས་14:00བར་ཡིན།

    ལྔ། ཚོང་ཟོག་སྤུས་དག་ཉོ་ཚོང་འགྲེམས་སྟོན་དང་འགྲེམས་ཚོང་བྱེད་སྒོ་སྤེལ་ས་དེ་ཀྲོའུ་ཅི་ཐང་ཆེན་དང་། པད་ནག་ལུང་ཤུར། སྟག་གདོང་གྲོང་ཚོ། ཆུ་མིག་ལམ་འདམ་རའི་སྤྱི་གླིང་། ལྷ་སའི་ཨར་སྐྲུན་རྒྱུ་ཆ་ཉོ་ཚོང་ལྟེ་གནས་ཀྱི་ཐང་ཆེན་བཅས་སུ་བཀོད་སྒྲིག་བྱ་རྒྱུ།

    དྲུག པར་རིས་བརྒྱ་དང་ཐེམ་དུད་བརྒྱ། དབུལ་སྒྲོལ་འགག་སྒྲོལ་ཞེས་པའི་བོད་ལྗོངས་ཇོ་མོ་གླང་མའི་པར་ལེན་འགྲེམས་སྟོན་ཆེ་མོ་སྐབས་བཅུ་གསུམ་པའི་བྱེད་སྒོ་མང་དུ་གཏོང་རྒྱུ། 

    དུས་ཚོད། ཟླ་8ཚེས་21ཉིན་ནས་ཟླ་8ཚེས་24ཉིན་བར་ཡིན། བྱེད་སྒོ་གཉེར་ཡུལ་ནི། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཡིན།

    དམིགས་སུ་བཀར་ནས་སྤྱི་བསྒྲགས་འདི་སྤེལ།

    2020ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས།

    2020ལོའི་ཟླ་8ཚེས་17ཉིན།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།