ལྷོ་པའི་གྲོང་གསེབ་ཤིན་ཏུ་མཛེས།
ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་ནི་ལྷོ་ཁ་གྲོང་ཁྱེར་གྱི་ལྷོ་པ་མི་རིགས་མང་ཚོགས་འདུས་སྡོད་ཁུལ་གཅིག་པུ་དེ་ཡིན་པ་རེད། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས་མདོ་ཡུལ་ལྷོ་པ་མི་རིགས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་ཆེན་པོ་བྱུང་བ་དང་། འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་ཕྱིན་པ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་བཅས་བྱུང་ཡོད། ད་ཆ་གྲོང་ཚོ་དེར་ལྷོ་པའི་མི་སེར་གྱི་ཁྱད་ལྡན་སྡོད་ཁང་གོ་རིམ་ལྡན་པའི་ངང་བརྒྱབ་པ་དང་། འགྲོ་ལམ་གཙང་ལ་གྲལ་འགྲིག་པ། རིགས་ཁག་གི་རིག་གནས་བྱེད་སྒོ་གསོན་ཉམས་ལྡན་པ། མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད་པ་བཅས་རེད། འདི་ནི་མདོ་ཡུལ་ལྷོ་པ་མི་རིགས་གྲོང་ཚོའི་ཡུལ་ལྗོངས་ཧྲིལ་པོ་ཡིན་པ།