དབུ་ཤོག>གསར་འགྱུར།
  • ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དམངས་གཉེར་ཁེ་ལས་ཀྱི་སྒྱུར་བཅོས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་རྒྱུའི་སྐོར་གྱི་བསམ་འཆར་བཀྲམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-13

    ཉེ་ཆར། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ལས་དངུལ་ཁང་བཅས་ཀྱིས་དམངས་གཉེར་ཁེ་ལས་གོང་འཕེལ་གཏོང་བར་ཁོར་ཡུག་བཟང་པོ་གཏོད་རྒྱུའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། དངུལ་རྩའི་སྒྲིག་གཞིའི་འགན་འཁྲིར་དམ་པོར་དམིགས་ནས《སྔར་ལས་ལྷག་པའི་སྒོ་ནས་དངུལ་རྩའི་ཁོར་ཡུག་བཟང་པོ་གཏོད་པར་གཞོགས་འདེགས་བྱས་ཏེ་དམངས་གཉེར་ཁེ་ལས་ཀྱི་སྒྱུར་བཅོས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་པ་རེད།

    《བསམ་འཆར》ནང་དངུལ་རྩའི་ཞབས་ཞུའི་ཁོར་ཡུག་ལེགས་བཅོས་དང་། ཐོན་རྫས་དང་ཞབས་ཞུའི་མ་ལག་འཛུགས་སྐྱོང་། ཡིད་རྟོན་དངུལ་བུན་གཏོང་བར་ཤུགས་སྣོན། ཡིད་རྟོན་གྱི་ཁོར་ཡུག་བཟང་པོ་གཏོད་པ་བཅས་ཕྱོགས་གང་ས་ཅི་ཐད་ལ་ཤུགས་སྣོན་རྒྱག་ཆེད། འབྲེལ་ཡོད་ལས་ཀའི་བླང་བྱ་ཁག་དོན་འཁྱོལ་ཁ་གསལ་གྱིས་ཚོང་ཤག་ཚང་མར་ལྟ་ཚུལ་གཅིག་མཚུངས་དང་གཅིག་གྱུར་གྱི་ཆོག་འཐུས་ཚད་གཞི་ལག་བསྟར། དམངས་གཉེར་ཁེ་ལས་ཀྱི་ཞབས་ཞུའི་གྲོན་དངུལ་འཕྲི་གཅོག་ལ་ཤུགས་སྣོན་བརྒྱབ་ནས། ཁེ་ལས་ཀྱི་ཕྱོགས་བསྡུས་བསྡུ་རྒྱུག་མ་གནས་སྔར་བས་དམའ་རུ་བཏང་བ་དང་། དྲ་ཐོག་དང་དྲ་ཐོག་མིན་པའི་དངུལ་རྩའི་ཐོན་རྫས་དང་ཞབས་འདེགས་གསར་གཏོད། མཁོ་སྤྲོད་འཁོར་འབྲེལ་གྱི་མ་དངུལ་བསྡུ་རྒྱུག་ལས་སྟེགས་འཛུགས་པ། དེ་བཞིན་དམངས་གཉེར་སྣེ་འདྲེན་ཁེ་ལས་གཙོ་བོ་རྣམ་གྲངས་ཆེ་གྲས་དང་ལས་གྲྭར་ཞུགས་རྒྱུར་རྒྱབ་སྐྱོར་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་དངུལ་རྩའི་དགོས་མཁོ་གང་ལེགས་བསྐངས་ཡོད་པ་མ་ཟད། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་ཧུར་ཐག་ཞུགས་པ་སོགས་དངུལ་རྩའི་དམངས་གཉེར་ཁེ་ལས་ཀྱི་ཞབས་འདེགས་སྤུས་ཚད་སྔར་བས་ལེགས་སུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།