དབུ་ཤོག>གསར་འགྱུར།
  • བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-08-05

    758455_yis_1596518974859_s.jpg

    འདི་ནི་དངོས་ལྗོངས་ཀྱི་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་སྟོན་བྱ་ཡུལ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཅིང་ཕིང་དང་། པའེ་ཧྲའོ་པོ། ཝང་ཙེ་ཧའོ།

    “གནམ་འོག་ཏུ་ཐག་རིང་གི་ས་ཆ་མེད། མི་ཡུལ་དུ་ཚང་མ་ཕ་ཡུལ་རེད” དབྱར་དུས་ཀྱི་ས་སྲོས་ཤིག་ལ་ཚོན་མདོག་རྣམ་པར་བཀྲ་བའི་གློག་སྒྲོན་འོག དངོས་ལྗོངས་ཀྱི་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ལྷ་སའི་གཙང་འགྲམ་དུ་ངོ་མཚར་ཆེན་པོས་འཁྲབ་སྟོན་བྱེད་འགོ་བརྩམས། འུན་ཤིང་ཀོང་ཇོ་དང་སྲོང་བཙན་སྒམ་པོ་མཐུན་སྦྱོར་གཉེན་སྒྲིག་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་གླེང་འདོད་པའི་ལོ་རྒྱུས། མིག་སྔའི་དར་ཁྱབ་ཆེ་བའི་སྒྱུ་རྩལ་གྱི་རྣམ་པར་བརྟེན་ནས། ལོ་ལྟར་མི་ཁྲི་ཕྲག་མང་པོ་ལྟ་བར་འགྲོ་བའི་ཡིད་དབང་བཀུག

    ལོ་ངོ་སྟོང་ཕྲག་མང་པོའི་ནང་། ཚང་མས་གླེང་འདོད་པའི་ལོ་རྒྱུས་དེ། གངས་ལྗོངས་ས་མཐོར་མི་རབས་ནས་མི་རབས་བར་བརྒྱུད་བསྒྲགས་བྱེད་པ་དང་འབྲེལ། ལེའུ་གསར་པ་མུ་མཐུད་རྩོམ་བཞིན་ཡོད། འདི་ལོའི་ཟླ་5ཚེས་1ཉིན་ནས་བཟུང་། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཏེ། བོད་རྒྱལ་ཡོངས་ནས་ས་གནས་ཀྱི་ཁྲིམས་འཛུགས་རྣམ་པའི་དཔེ་བཟང་ཁུལ་འཛུགས་གཏོད་ཞིང་ཆེན་དང་པོར་གྱུར་ནས། དུས་རབས་གསར་པའི་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་བཏོད།

    “སྲོག་ཐིག”གི་འགན་སྲུང་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་སོང་བ།

    མི་རིགས་མང་པོ་འདུས་སྡོད་ཁུལ་ཞིག་ཡིན་པའི་བོད་ལྗོངས་སུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ལྷོ་པ་རིགས། མོན་པ་རིགས་སོགས་མི་རིགས་45ཡོད་པ་དང་། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་དེ་གའི་མི་འབོར་གྱི་91%ཡན་བཟུང་ཡོད། མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་ཐིག་རེད།

    འདི་ལོའི་ཟླ་1ཚེས་11ཉིན། བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོར་ཐལ་མོའི་རྡེབ་སྒྲ་ཡང་ཡང་བསྒྲགས་ཤིང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་སྐོར་གྱི་ཁྲིམས་སྲོལ་དང་པོ་སྟེ《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》གཏན་ལ་ཕབ།

    ལོ་ལྟར་གྱི་ཟླ་བ་དགུ་པ“མི་རིགས་མཐུན་སྒྲིལ་ཟླ་བར”གཏན་འཁེལ་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་རིམ་པ་ཁག་དང་རིགས་ཁག་གི་སློབ་ཁང་དུ་སྤེལ་བ་དང་མི་རིགས་མཐུན་སྒྲིལ་གྱི་དཔང་པོ་ལོ་རྒྱུས་ཀྱི་གནའ་ཤུལ་སྲུང་སྐྱོང་དང་། སྔོག་འདོན། འགྲེམས་སྟོན་བཅས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་སོགས་བྱས། ཡུན་རིང་ནང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ལས་དོན་གསར་གཏོད་དང་འགན་ལེན་མ་ལག་ཟམ་མི་ཆད་པར་བཏོད་དེ་མི་རིགས་མཐུན་སྒྲིལ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང།

    2019ལོའི་བར། བོད་ལྗོངས་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་སྔ་རྗེས་སུ་བདེ་བླག་ངང་བཏོད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་པའི་མི་རིགས་མཐུན་སྒྲིལ་དཔེ་སྟོན་མཉམ་སྡེབ་140དང་དཔེ་སྟོན་མི་སྒེར་189ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་མཚམས་དེར། རྒྱལ་ཡོངས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་28ཁྲོད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས“མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་ལེགས་སྐྱེས་འབུལ་མཁན”འབའ་ཞིག་དེར་གྱུར།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་སོང་བ།

    ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ནི། རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་རྫོང་རེད། དེ་གར་བོད་རིགས་ཕྲུ་གུ་ཧོ་ཏང་ཧྲེང་དང་ཧོ་ཡེའུ་ཧྲེང་གི་གཏམ་རྒྱུད་གང་སར་གྲགས་ཀྱིན་ཡོད།

    2017ལོའི་ཟླ་8པར། ཧོ་ཏང་ཧྲེང་གི་ཨ་མ་ཆོས་བདེ་མཚོ་གཉིས་རྫོང་མི་དམངས་སྨན་ཁང་དུ་ཕྲུ་གུ་བཙའ་དུས། ཕྲུ་གུ་གནས་སྟངས་འཁྱོག་པའི་དབང་གིས་སྲོག་ཉེན་འཕྲད་སྟབས་ངེས་པར་དུ་གཤགས་བཅོས་བྱེད་དགོས་འཁེལ། འོན་ཀྱང་ས་བབ་མཐོ་པོ་དེ་འདྲར་གཤགས་བཅོས་དེ་རིགས་ད་བར་བྱེད་མྱོང་མེད། སྟབས་ལེགས་པ་ཞིག་ལ། མཚོ་གཉིས་རྫོང་དུ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བཞིན་པའི་ཀྲུང་གོ་རྡོ་སྣུམ་བོད་སྐྱོར་སྨན་བཅོས་རུ་ཁག་གིས་འཕྲལ་མར་བྱ་སྤྱོད་སྤེལ་ནས། བུད་མེད་ཚན་ཁག་གི་སྨན་པ་ཧོ་ཀྲི་ཕིང་གིས་གཙོ་བཅོས་སྨན་པ་བྱས། ཧོ་ཀྲི་ཕིང་གིས་གསོ་རླུང་རྔུབ་ཀྱིན་ཆོས་བདེར་གཤགས་བཅོས་བྱས་ནས་མ་བུ་སྲོག་ཉེན་ལས་བསྐྱབས།

    སྨན་པའི་བཀའ་དྲིན་ཚོར་ཆེད། ཆོས་བདེ་དང་བཟའ་ཟླ་ཕན་ཚུན་གྲོས་བསྡུར་བྱས་རྗེས། གཙོ་བཅོས་སྨན་པ་ཧོ་ཀྲི་ཕིང་གི་རུས་མིང་ཕྲུ་གུར་བཏགས་ནས་ཧོ་ཏང་ཧྲེང་ཞེས་བཏགས། དེ་ནས་ཉིན་གཉིས་པར་འོས་འགན་སྨན་བཅོས་ཚོགས་པས་མཚོ་སྤྲེལ་མ་གྲོང་རྡལ་གྱི་བསམ་སྐྱིད་སྒྲོལ་མར་བདེ་བླག་ངང་གཤགས་བཅོས་བྱས། བསམ་སྐྱིད་སྒྲོལ་མས་ཀྱང་ཕྲུ་གུའི་མིང་ལ་ཧོ་ཡེའུ་ཧྲེང་ཞེས་བཏགས་ནས་ཀྲུང་གོ་རྡོ་སྣུམ་བོད་སྐྱོར་སྨན་བཅོས་རུ་ཁག་གི་བཀའ་དྲིན་ཚོར་བ་མཚོན་པར་བྱས།

    དེ་ལྟ་བུའི་གཏམ་རྒྱུད་བོད་དུ་ཧ་ཅང་མང་པོ་ཡོད། གཏམ་རྒྱུད་དེ་ཚོ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དཔང་པོ་ཡག་ཤོས་རེད།

    མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བྱུང་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་བཏོད་པ།

    2019ལོར། བོད་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་1697.82ཟིན་པ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་ན། 1959ལོ་ལས་སྒོར་དུང་ཕྱུར་1.74འཕར་བ་དང་འཕར་ཚད་ལྡབ་205.8ཙམ་ཟིན་ནས་དཔལ་འབྱོར་གྱི་སྤྱི་འབོར་མཆོང་སྐྱོད་ཆེན་པོ་ཐུབ། 2019ལོར། བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་70.6བར་མཐོ་རུ་ཕྱིན་པ་དང་སློབ་མ་རེའི་ཆ་སྙོམས“འགན་གཙང་གསུམ”(བཟའ་སྡོད་སློབ་ཡོན་གསུམ་འགན་གཙང་ལེན་པ)གྱི་ཁ་གསབ་ཚད་གཞི་སྒོར་3720ནས་སྒོར་4200བར་མཐོ་རུ་ཕྱིན་པ་དང་། ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོ་ཁྲི་62.8དབུལ་སྒྲོལ་ཐུབ་པ། རྫོང(ཆུས)དབུལ་པོ་74དབུལ་ཞྭ་འཕུད་པའི་ཚད་གཞིར་སླེབས་ནས་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་བསལ་ཡོད།

    “གལ་སྲིད་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་མེད་ན་བོད་ལ་གྲུབ་འབྲས་འདི་འདྲ་ཐོབ་མི་སྲིད”བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས“བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་ད་བར་གྱི་ལོ་70ཙམ་གྱི་ནང་། མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པ་གསལ་པོར་རྟོགས་ཐུབ། ང་ཚོས་བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་སྐུལ་འདེད་བཏང་ནས། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་འབད་འཐབ་ཧུར་ཐག་བྱེད་ཀྱི་ཡིན”ཞེས་བཤད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་3ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།