དབུ་ཤོག>གསར་འགྱུར།
  • རྒན་གསོའི་དངུལ་དུས་ཐོག་དང་འདང་ངེས་སྤྲོད་ཐུབ་པའི་འགན་ལེན་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-07-29

    ཉེ་ཆར། རྒྱལ་ཡོངས་ཀྱི་ཞིང་ཆེན་30ཙམ་གྱིས་རྒན་གསོའི་དངུལ་ལེགས་སྒྲིག་གི་ཇུས་གཞི་ཡོངས་བསྒྲགས་བྱས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་རྒན་གསོའི་འགན་བཅོལ་གྱི་ཐེབས་རྩའི་ཡོང་འབབ་ཅུང་ཆག་ཡོད། གནས་ཚུལ་དེའི་འོག་ས་ཁུལ་ཁག་གིས་རྒན་གསོའི་འགན་བཅོལ་གྱི་དངུལ་བདེ་བླག་ངང་ལེགས་སྒྲིག་བྱེད་པ་དང་འབྲེལ་དུས་ཐོག་དང་འདང་ངེས་སྤྲོད་པར་འགན་ལེན་ཇི་ལྟར་བྱེད་དགོས་སམ།

    རྒན་གསོའི་དངུལ་འདི་ལོར་མུ་མཐུད་ལེགས་སྒྲིག་བྱ་རྒྱུ་དང་སྤྱིའི་འཕར་ཚད་5%ཟིན་པ།

    འདི་ལོའི་ཟླ་4པར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ནོར་སྲིད་པུས《2020ལོར་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། 2020ལོའི་ཟླ་1ཚེས་1ཉིན་ནས་བཟུང་། 2019ལོའི་ཟླ་12ཚེས་31ཉིན་གྱི་གོང་གཏན་འབེབས་གཞིར་བཟུང་རྒན་ཡོལ་ཞུ་བའི་འགྲོ་ལུགས་གཉེར་བ་མ་ཟད། ཟླ་རེ་བཞིན་གཞི་རྩའི་རྒན་གསོའི་དངུལ་ལེན་པའི་ཁེ་ལས་དང་ལས་ཁུངས་བྱ་གཞག་ཚན་པའི་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཆུ་ཚད་ལེགས་སྒྲིག་བྱས་པ་དང་། རྒྱལ་ཡོངས་ཀྱི་སྤྱིའི་ལེགས་སྒྲིག་བསྡུར་གྲངས་ནི་2019ལོར་རྒན་ཡོལ་ཞུས་པའི་མི་སྣའི་ཟླ་རེར་མི་རེའི་ཆ་སྙོམས་གཞི་རྩའི་རྒན་གསོའི་དངུལ་གྱི་5%ཡི་ཚད་གཞི་ལྟར་གཏན་ཁེལ་བྱ་རྒྱུ་ཡིན་ཞིང་། ཞིང་ཆེན་ཁག་གིས་རྒྱལ་ཡོངས་ཀྱི་སྤྱིའི་ལེགས་སྒྲིག་བསྡུར་གྲངས་དེ་མཐོ་ཚད་དུ་བྱས་ནས་ཞིང་ཆེན་དེ་གའི་ལེགས་སྒྲིག་གི་བསྡུར་གྲངས་དང་ཆུ་ཚད་གཏན་འཁེལ་བྱས་ཡོད།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར། རྒྱལ་ཡོངས་སུ་ཧྲང་ཧའེ་དང་། ཐེན་ཅིན། ཀོང་ཏུང་། ཨན་ཧུའེ་སོགས་ཞིང་ཆེན་30ཙམ་གྱིས་གཞུང་ཕྱོགས་དྲ་བར་ཞིབ་ཕྲའི་ལེགས་སྒྲིག་ཇུས་གཞི་ཡོངས་བསྒྲགས་བྱས་པ་དང་། ལེའོ་ཉིང་དང་། ཧོ་པེ། ཅང་སུའུ། ཨན་ཧུའེ། ཀོང་ཏུང་སོགས་ས་ཁུལ་གྱིས་ཟླ་7པའི་ཟླ་མཇུག་གོང་དོན་འཁྱོལ་བྱ་རྒྱུའི་གཏན་འབེབས་བྱས་པ། ཉིང་ཞ་ཡིས་ཕྱི་ཤོས་ལའང་ཟླ་8པའི་ཟླ་མཇུག་གོང་འཕར་སྣོན་བྱུང་བའི་རྒན་གསོའི་དངུལ་རྒན་ཡོལ་ཞུས་པའི་མི་སྣར་འདང་ངེས་སྤྲོད་རྒྱུའི་བླང་བྱ་བཏོན་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཇུས་གཞི་བཏོན་པའི་ཞིང་ཆེན་ཁག་གིས་ད་རེས་སྤྱད་པའི་བྱེད་ཐབས་དག་ནི་སྔར་བཞིན་བཅད་གྲངས་ལེགས་སྒྲིག་དང་། འབྲེལ་མཐུད་ལེགས་སྒྲིག གཟིགས་སྐྱོང་འོས་འཚམ་བཅས་ཟུང་དུ་འབྲེལ་བའི་ཐབས་ལམ་ཡིན་པ་རེད།

    བཅད་གྲངས་ལེགས་སྒྲིག་ཐད། ཞིང་ཆེན་མི་འདྲ་བའི་ལེགས་སྒྲིག་དངུལ་གྲངས་ནི་སྒོར་25ནས་སྒོར་80བར་མི་འདྲ་བ་དང་། དེའི་ནང་བོད་ལྗོངས་དང་ཧྲང་ཧའེ་ཡི་ལེགས་སྒྲིག་དངུལ་གྲངས་ཅུང་མཐོ་བ་ཡོད་པ་སྟེ། མི་རེར་ཟླ་རེར་སྒོར་80དང་སྒོར་75སོ་སོར་སྤར་བ་དང་། འབྲེལ་མཐུད་ལེགས་སྒྲིག་བྱེད་པ་གཙོ་བོ་རྒན་ཡོལ་ཞུས་པའི་མི་སྣའི་དངུལ་སྤྲོད་པའི་ལོ་ཚད་དམ་ཡང་ན་ལས་ཀའི་ལོ་ཚད་དང་། གཞི་རྩའི་རྒན་གསོའི་དངུལ་གྱི་ཆུ་ཚད་སོགས་རྒྱུ་རྐྱེན་དང་འབྲེལ་མཐུད་བྱ་རྒྱུ་རེད།

    རྒན་གསོའི་འགན་བཅོལ་གྱི་གྲོན་དངུལ་བསྡུ་འབོར་ཉུང་དུ་བཏང་བ་དེས་རྒན་གསོའི་དངུལ་སྤྲོད་རྒྱུར་ཤུགས་རྐྱེན་ཐེབས་སྲིད་དམ།

    ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་མི་སྣའི་རྒན་གསོའི་དངུལ་སྤྲོད་པའི་མ་དངུལ་གྱི་ཡོངས་ཁུངས་ནི་སྤྱི་ཚོགས་འགན་སྲུང་གི“འགན་བཅོལ་ལྔ་དང་ཐེབས་རྩ་གཅིག”ནང་གི་རྒན་གསོའི་འགན་བཅོལ་གྱི་ཐེབས་རྩ་ཡིན་ཞིང་། རིམས་ནད་ཀྱི་ཤུགས་རྐྱེན་འོག་རྒྱལ་ཁབ་ཀྱིས་ཁེ་ལས་ཀྱི་རྒན་གསོའི་འགན་བཅོལ་གྱི་འགྲོ་གྲོན་རྩ་ཆག་དང་། ཆག་ཡང་། ཉུང་དུ་སོགས་གཏོང་བའི་སྲིད་ཇུས་བཏོན་ནས་རྒན་གསོའི་འགན་བཅོལ་གྱི་ཐེབས་རྩའི་ཡོང་འབབ་ཅུང་དམའ་རུ་བཏང་བ་དང་ཆབས་ཅིག ས་གནས་ནོར་སྲིད་ཀྱི་ཡོང་འབབ་ཚད་གཞི་མི་འདྲ་བའི་སྒོ་ནས་དམའ་རུ་ཕྱིན་རྐྱེན་ནོར་སྲིད་ཀྱིས་རྒན་གསོའི་འགན་བཅོལ་གྱི་ཐེབས་རྩར་ཁ་གསབ་སྤྲོད་པའི་དཀའ་གནད་ཀྱང་ཆེ་རུ་སོང་ཡོད།

    མི་སྤྱི་པུའུ་རྒན་གསོ་འགན་བཅོལ་སིའི་སི་ཀྲང་ཉེ་མིང་ཅུན་གྱིས། སྤྱིའི་ཆ་ནས་བལྟས་ན་གཏོང་སྤྲོད་འགན་ལེན་ཐད་གནད་བཀག་མེད། དཔལ་འབྱོར་ལོ་མང་རིང་འཕེལ་རྒྱས་མྱུར་པོ་ཕྱིན་པའི་དབང་གིས། རང་རྒྱལ་གྱི་ཁེ་ལས་ཀྱི་རྒན་གསོའི་འགན་བཅོལ་གྱི་ཐེབས་རྩས་རྨང་གཞི་ཅུང་ཡག་པོ་ཞིག་གསོག་འཇོག་བྱས་ཡོད། ཟླ་6པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་ཁེ་ལས་ཀྱི་རྒན་གསོའི་འགན་བཅོལ་ཐེབས་རྩའི་རིམ་རྩིས་ལྷག་འཕྲོ་སྒོར་དུང་ཕྱུར་ཁྲི་4.77ཟིན་པ་དང་། སྔོན་དཔག་བྱས་ན་ལོ་མཇུག་ཏུ་སླེབས་སྐབས་སྒོར་དུང་ཕྱུར་ཁྲི་3.8ལྷག་ཙམ་གྱི་ལྷག་འཕྲོ་རྒྱུན་འཁྱོངས་ཐུབ་རྒྱུ་དང་། གཞན་ཡང་ད་དུང་སྒོར་དུང་ཕྱུར་ཁྲི་2ཀྱི་རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་གི་འཐབ་ཇུས་གྲབས་གསོག་ཐེབས་རྩ་ཡོད་པས་སྤྱི་ཡོངས་ཀྱི་འདེགས་སྐྱོར་ནུས་པ་ཧ་ཅང་ཆེན་པོ་ཡོད་ཅེས་བརྗོད།

    ཧུའུ་པེ་སོགས་ཞིང་ཆེན་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཅུང་ཆེ་ཙམ་ཕོག་པས་ཀྲུང་དབྱང་གིས་སྙོམས་སྒྲིག་ཐེབས་རྩའི་གཏོང་སྒོ་ཡང་དེར་བལྟོས་བཅས་ཀྱིས་ཕྱོགས་ཡོད། དཔེར་ན། ཧུའུ་པེར་ཀྲུང་དབྱང་གི་སྙོམས་སྒྲིག་ཐེབས་རྩ་གཤམ་སྤྲོད་དང་གོང་འབུལ་ཞུས་པའི་གྲངས་འབོར་ཧེ་བག་གི་ཕན་པ་ཐོབ་ཚད་ན་ནིང་ལས་55.4%འཕར་ཡོད།

    རྒན་གསོའི་དངུལ་གྱི་བདེ་འཇགས་འགན་སྲུང་ཇི་ལྟར་བྱེད་དགོས་སམ།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒན་གསོའི་དངུལ་གཤམ་སྤྲོད་ལ་འགན་ལེན་བྱ་ཆེད། འབྲེལ་ཡོད་སྡེ་ཚན་གྱིས་བྱ་ཐབས་རབ་དང་རིམ་པ་སྤྱད་ཡོད།

    ནོར་སྲིད་པུས་ཉེ་ཆར་ཡོངས་བསྒྲགས་བྱས་པའི《2020ལོའི་ཀྲུང་དབྱང་གི་སྙོམས་སྒྲིག་ཐེབས་རྩའི་གཏོང་སྒོའི(གཤམ་སྤྲོད)གནས་ཚུལ་རེའུ་མིག》གི་གནས་ཚུལ་ལ་བལྟས་ན། འདི་ལོར་ཀྲུང་དབྱང་ནོར་སྲིད་ཀྱི་སྙོམས་སྒྲིག་ཐེབས་རྩའི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་7399.72ཟིན་པ་དེ་ན་ནིང་ལས་17.4%འཕར་རྒྱུ་དང་། ཐེབས་རྩའི་སྙོམས་སྒྲིག་བསྡུར་གྲངས་ན་ནིང་གི་3.5%ནས་4%བར་མཐོ་རུ་འགྲོ་རྒྱུ་རེད།

    ཞིང་ཆེན་རིམ་པས་གཅིག་གྱུར་བསྡུ་ལེན་དང་གཅིག་གྱུར་གཏོང་སྤྲོད་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཡོངས་སུ་སྤྱི་འདོམས་བྱ་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔའི་བར་རྒྱལ་ཡོངས་སུ་ཞིང་ཆེན་26གིས་ཚད་ལྡན་གྱི་ཞིང་ཆེན་རིམ་པའི་སྤྱི་འདོམས་ལག་བསྟར་བྱས་པ་དང་། ལོ་མཇུག་ཏུ་སླེབས་སྐབས་ཞིང་ཆེན་ཚང་མས་ཞིང་ཆེན་རིམ་པས་ཐེབས་རྩ་གཅིག་གྱུར་བསྡུ་ལེན་དང་གཅིག་གྱུར་གཏོང་སྤྲོད་མངོན་འགྱུར་བྱ་རྒྱུ་ཡིན་པ་དང་། དེ་ལས་ཞིང་ཆེན་ཡོངས་ཀྱི་ཐེབས་རྩ་གཅིག་གྱུར་བཀོད་གཏོང་བེད་སྤྱོད་ཀྱི་ནུས་པ་སྔར་བས་ཆེ་རུ་འགྲོ་རྒྱུ་མ་ཟད། རྒན་གསོའི་འགན་བཅོལ་རྒྱལ་ཡོངས་སུ་སྤྱི་འདོམས་མངོན་འགྱུར་ཡོང་བར་རྨང་གཞི་ཡག་པོ་ཞིག་འདིང་ཐུབ་རྒྱུ་རེད།

    སྤྱི་ཚོགས་འགན་སྲུང་ཐབས་ཇུས་ཀྱི་གྲབས་གསོག་ཐེབས་རྩ་བཙུགས་ཤིང་། མིག་སྔར་ཐེབས་རྩའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་2ལྷག་ཙམ་ཟིན་ཡོད། སྤྱི་ཚོགས་འགན་སྲུང་ཐེབས་རྩའི་རྒྱུན་མཐུད་རང་བཞིན་སྔར་བས་ཆེ་རུ་གཏོང་ཆེད། གཞུང་ཁོངས་མ་རྩ་ཁག་གཅིག་བསྒྱུར་ནས་སྤྱི་ཚོགས་འགན་བཅོལ་ཐེབས་རྩར་ཁ་སྣོན་རྒྱག་པའི་ལས་དོན་ཁྱོན་ཡོངས་ནས་ཁྱབ་སྤེལ་བཏང་ཞིང་། 2019ལོའི་ལོ་མཇུག་བར་ཀྲུང་དབྱང་རིམ་ངོས་ཀྱིས་གཞུང་ཁོངས་མ་རྩ་སྒོར་དུང་ཕྱུར་ཁྲི་1.3བསྒྱུར་ཡོད།

    ད་ཡོད་ཀྱི་ཐེབས་རྩའི་རིན་ཐང་བརྟན་སྲུང་དང་གནས་ཐང་འཕར་ཐབས་བྱས་ཤིང་། མིག་སྔར་ཞིང་ཆེན་22ཀྱིས་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་ཐེབས་རྩའི་མངགས་བཅོལ་མ་འཇོག་གན་རྒྱར་མིང་རྟགས་བཀོད་པ་དང་། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་9482རྩིས་ཐོའི་ནང་འབྱོར་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།