དབུ་ཤོག>གསར་འགྱུར།
  • ལོ་གཅིག་ནང་མང་ཚོགས་ཀྱི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་གཅིག་ཙམ་སེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-27

     ཉེ་ཆར་གསར་འགོད་པར་2020ལོའི་བོད་སྐྱོར་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པའི་ལས་འགོ་འཛུགས་པའི་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བར། “བོད་སྐྱོར་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པ”ཁག་དང་པོ་ལས་འགོ་བཙུགས་ནས་ལོ་གཅིག་སོང་རིང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་22ཀྱི་བོད་སྐྱོར་ཁྲིམས་རྩོད་པ་68བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་7གྱི་རྫོང(ཆུས)42སུ་བསྐྱོད་དེ་བཅའ་ཁྲིམས་ཞབས་ཞུའི་ལས་དོན་སྤེལ་བ་རེད། ལོ་གཅིག་རིང་མི་ཐེངས་ཁྲི་1.5ལྷག་ཙམ་ལ་རིན་མེད་ངང་བློ་འདྲིའི་ཞབས་འདེགས་ཞུས་ཏེ་ཞིང་པ་ལས་མི་སོགས་ཉམས་ཞན་ཚོགས་སྤྱིར་བཅའ་ཁྲིམས་རོགས་རམ་གྱོད་གཞི་ཁག་1500ལྷག་ཙམ་སྒྲུབ་གཉེར་བྱེད་རོགས་བྱས་ནས་མང་ཚོགས་ཀྱི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་9700ལྷག་ཙམ་སེལ་བ་རེད།

    རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་ཐིང་ཀྲང་བསྟན་པས། བོད་སྐྱོར་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པ་ཁག་དང་པོ་བོད་དུ་སླེབས་ཚུན་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་ཞབས་འདེགས་ཞུ་ཡུལ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་ཁྲོད་ཧུར་ཐག་ཞུགས་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་པ་དང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།