དབུ་ཤོག
  • ད་ལོའི་མཐོ་རྒྱུགས་ཀྱི་སློབ་བསྡུའི་སྐར་གྲངས་དམའ་ཤོས་འདི་འདྲ་རེད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2020-07-24

    2020ལོའི་མཐོ་སློབ་དཀྱུས་མར་བསྡུ་བའི་བོད་རང་སྐྱོང་ལྗོངས་ཀྱི་ཚོད་འཛིན་སྐར་གྲངས་དམའ་ཤོས་ཡོངས་བསྒྲགས་བྱས་པ།

    རང་སྐྱོང་ལྗོངས་སློབ་བསྡུ་ཡིག་རྒྱུགས་ཨུ་ལྷན་གྱིས་ཟླ་7ཚེས་23ཉིན་ཚོགས་འདུ་འཚོགས་ཏེ་ཞིབ་འཇུག་བྱས་ནས་མོས་མཐུན་བྱུང་རྗེས། སློབ་གསོ་པུའུ་ལ་ཆོག་འཆན་སྤྲོད་རྒྱུའི་རེ་ཞུ་ཕུལ་བ་བརྒྱུད།2020ལོའི་མཐོ་སློབ་དཀྱུས་མར་བསྡུ་བའི་བོད་རང་སྐྱོང་ལྗོངས་ཀྱི་ཚོད་འཛིན་སྐར་གྲངས་དམའ་ཤོས་གཏན་འཁེལ་བྱས་ནས་ཡོངས་བསྒྲགས་བྱས་པ་གཤམ་གསལ།

    གཅིག  སློབ་ཁུངས་དཀྱུས་མའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས། 

    1. རིག་ཚན།

    གཙོ་གནད་དངོས་གཞིའི་ཚན་ཁག  གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་350 རྒྱ་རིགས་ཀྱི་སྐར་གྲངས་460

    དངོས་གཞིའི་ཚན་ཁག་དཀྱུས་མ། གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་320 རྒྱ་རིགས་ཀྱི་སྐར་གྲངས་335

    ཆེད་ལས་ཚན་ཁག(མཐོ་རིམ་ལས་རིགས)གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་235 རྒྱ་རིགས་ཀྱི་སྐར་གྲངས་235

    2.རྩིས་ཚན།

    གཙོ་གནད་དངོས་གཞིའི་ཚན་ཁག  གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་325 རྒྱ་རིགས་ཀྱི་སྐར་གྲངས་480

    དངོས་གཞིའི་ཚན་ཁག་དཀྱུས་མ། གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་293 རྒྱ་རིགས་ཀྱི་སྐར་གྲངས་310

    ཆེད་ལས་ཚན་ཁག(མཐོ་རིམ་ལས་རིགས)གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་225 རྒྱ་རིགས་ཀྱི་སྐར་གྲངས་225

    གཉིས། སྒྱུ་རྩལ་དང་ལུས་རྩལ་རིགས་ཀྱི་ཆེད་ལས་སློབ་བསྡུའི་རིག་གནས་སྦྱངས་འབྲས་ཀྱི་ཚོད་འཛིན་སྐར་གྲངས་དམའ་ཤོས། 

    རིགས་འདིའི་སློབ་བསྡུའི་རིག་གནས་སྦྱངས་འབྲས་ཀྱི་ཚོད་འཛིན་སྐར་གྲངས་དམའ་ཤོས་དེ་དཀྱུས་མའི་རིགས་ཀྱི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས་ཀྱི་70%ལྟར་གཏན་འཁེལ་བྱས་པ་རེད། སློབ་མ་བསྡུ་སྐབས་རིག་གནས་ཀྱི་སྦྱངས་འབྲས་སློབ་མ་བསྡུ་བའི་ཚད་གཞིར་སླེབས་ཚེ། ཆེད་ལས་ཀྱི་སྦྱངས་འབྲས་མཐོ་བ་ནས་དམའ་བའི་བར་སློབ་མའི་ཁ་གྲངས་ལོན་པའི་བར་བསྡུ་རྒྱུ། 

    1. རིག་ཚན།

    དངོས་གཞིའི་ཚན་ཁག   གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་224རྒྱ་རིགས་ཀྱི་སྐར་གྲངས་235

    ཆེད་ལས་ཚན་ཁག   གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་165 རྒྱ་རིགས་ཀྱི་སྐར་གྲངས་165

    2.རྩིས་ཚན། 

    དངོས་གཞིའི་ཚན་ཁག  གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་205 རྒྱ་རིགས་ཀྱི་སྐར་གྲངས་217

    ཆེད་ལས་ཚན་ཁག  གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་158རྒྱ་རིགས་ཀྱི་སྐར་གྲངས་158

    གསུམ། དཔུང་སྡེའི་སློབ་ཁུངས་ཀྱི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས། 

    1.རིག་ཚན།

    དངོས་གཞིའི་ཚན་ཁག་གི་སྐར་གྲངས་235

    2. རྩིས་ཚན། 

    དངོས་གཞིའི་ཚན་ཁག་གི་སྐར་གྲངས་233

    བོད་རང་སྐྱོང་ལྗོངས་སློབ་བསྡུ་ཡིག་རྒྱུགས་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་ནས།

    2020ལོའི་ཟླ་7ཚེས་23ཉིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།