དབུ་ཤོག>གསར་འགྱུར།
  • ནེའུ་ཙི་ལན་དང་ཀྲུང་གོའི་ཚོང་ལས་དབུ་ཚོཌ་ཐོག་རིམས་ནད་དུས་མཇུག་དུས་རབས་ཀྱི་ཀྲུང་ནེའུ་འབྲེལ་བའི་འཕེལ་རྒྱས་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-07-22

    ནེའུ་ཙི་ལན་དང་ཀྲུང་གོའི་ཚོང་ལས་དབུ་ཚོགས་སྐབས་དྲུག་པ་ཚེས་20ཉིན་ནེའུ་ཙི་ལན་གྱི་གྲོང་ཁྱེར་ཆེ་ཤོས་ཨའོ་ཁེ་ལན་དུ་གཉེར་ཞིང་། སྐབས་འདིའི་དབུ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི་སླར་གསོར་དམིགས་པ་ཞེས་པ་དེ་ཡིན་ཞིང་། དབུ་ཚོགས་ཐོག་རིམས་ནད་དུས་མཇུག་གི་དུས་རབས་སུ་ཀྲུང་ནེའུ་འབྲེལ་བ་མུ་མཐུད་སྲ་བརྟན་དང་འཕེལ་རྒྱས་ཇི་ལྟར་གཏོང་བའི་ཐད་གྲོས་བསྡུར་བྱས་པ་རེད།

    ནེའུ་ཙི་ལན་གྱི་ཚད་གཞི་མཐོ་བའི་ཀྲུང་ནེའུ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་ཚོང་དོན་ལས་རིགས་ཀྱི་སྤེལ་རེས་བགྲོ་གླེང་ཚོགས་འདུ་ཞིག་ཡིན་ཞིང་། ནེའུ་ཙི་ལན་གྱི་ཙུང་ལི་ཅེ་ཤིན་ཏ·ཨ་ཏེ་ཨེན་དང་། ནེའུ་ཙི་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝུའུ་ཞི། ནེའུ་ཙི་ལན་གྱི་ཚོང་དོན་པུའི་པུའུ་ཀྲང་ཏའེ་ཝུའེ·ཕ་ཁེ་བཅས་དང་དེ་བཞིན་བཟོ་ཚོང་ལས་རིགས་ཀྱི་མི་བརྒྱ་ལྷག་ཙམ་སྐབས་འདིའི་དབུ་ཚོགས་ནང་ཞུགས་ནས་ཀྲུང་ནེའུ་ཕྱོགས་གཉིས་པོའི་ཚོང་དོན་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་ནས་རིམ་བཞིན་སློབ་གསོ་དང་། རིག་གནས་ཡུལ་སྐོར། ཚན་རྩལ། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སླར་གསོ་ཇི་ལྟར་བྱེད་པའི་བརྗོད་གཞིར་གྲོས་བསྡུར་བྱས་པ་རེད།

    ཨ་ཏེ་ཨེན་གྱིས་ནེའུ་ཀྲུང་གི་འབྲེལ་བ་བརྟན་ལ་ཡག་པོ་ཡོང་བ་ནི་ནེའུ་ཙི་ལན་གྱི་གལ་ཧ་ཅང་ཆེ་བའི་ཕྱི་ཕྱོགས་འབྲེལ་བའི་གྲས་ཤིག་རེད། ཕྱོགས་གཉིས་པོའི་མཉམ་ལས་མུ་མཐུད་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུ་རེད་ཅེས་བརྗོད་པ་དང་། ཁོང་གིས་ནེའུ་ཀྲུང་ཕྱོགས་གཉིས་པོའི་ཚོང་དོན་དེ་ནེའུ་ཙི་ལན་གྱི་ངོས་ནས་བརྗོད་ན་གལ་འགངས་ཆེན་པོ་ཡིན་པ་དང་ཀྲུང་གོས་ཁྲོམ་ར་མུ་མཐུད་སྒོ་དབྱེ་རྒྱུར་དོ་ཁུར་དང་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་དང་ཆབས་ཅིག རྒྱལ་ཁབ་གཉིས་པོས་ཞིང་ལས་དང་། ཁོར་ཡུག ཚན་རྩལ། རིག་གནས་སློབ་གསོའི་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱ་རྒྱུའི་རེ་བའང་ཡོད་ཅེས་བརྗོད་པ་རེད།

    ཨ་ཏེ་ཨེན་གྱིས་ཏོག་གསར་གློ་ཚད་རིམས་ནད་ཞི་ལྷོད་་དང་བརྟན་དུ་འགྲོ་བའི་སྔོན་འགྲོའི་འོག་2021ལོར་རྒྱལ་སྤྱིའི་ཕྱི་སྦྱོང་སློབ་མ་ནེའུ་ཙི་ལན་དུ་ལོག་ནས་མུ་མཐུད་སློབ་སྦྱོང་བྱ་རྒྱུའི་གནད་དོན་སྔོན་ལ་ཐག་གཅོད་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།

    ནེའུ་ཙི་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝུའུ་ཞི་ཡིས་མིག་སྔར་ཀྲུང་ནེའུ་ཡི་འབྲེལ་བ་སྤྱིར་ན་བརྟན་པོ་ཡོད་པ་དང་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཐད་འབྲེལ་གཏུག་དམ་ཟབ་དང་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཉེ་བའི་ཟླ་ཤས་ནང་ནེའུ་ཙི་ལན་གྱིས་ཀྲུང་གོར་ཕྱིར་གཏོང་བརྟན་པོའི་ངང་སླར་གསོ་བྱུང་ཡོད། རིམས་ནད་ཀྱི་འགྲན་སློང་འཕྲད་ནའང་མཉམ་ལས་ཀྱི་གོ་སྐབས་གསར་པ་སྦྱིན་ཡོད། རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་གྱི་རྩ་དོན་མཐའ་འཁྱོངས་བྱས་ན་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཁྲོད་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ་ཐུབ་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་ཐབས་ལམ་དང་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་སྔར་ལས་མང་བ་ཐོབ་རྒྱུ་རེད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།