དབུ་ཤོག>གསར་འགྱུར།
  • ཉིང་ཁྲིའི་སློབ་གསོའི་ཞན་ཆ་བསལ་ནས་སྤུས་ཚད་མཐོར་གཏོང་དང་སྤུས་རྟགས་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-22

     ཉེ་ཆར། གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་བར། 2019ལོར་བོད་དུ་བསྐྱོད་ཚུན། ཀོང་ཏུང་ཞིང་ཆེན་གྱི་སློབ་གསོའི་བོད་སྐྱོར་ཚོགས་པས་མཐའ་སྐྱོང་བོད་བརྟན་དང་སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གཞིར་བཟུང་། ཉིང་ཁྲིའི་སློབ་གསོའི་དོན་དངོས་ལ་གཞི་ཚུགས་ཏེ་ཉིང་ཁྲིའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་རོགས་རམ་བྱས་པ་དང་། མི་རིགས་སློབ་གསོ་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད།

    མཐོ་སློབ་ཀྱི་སྤུས་ཚད་མཐོ་རུ་བཏང་ནས་གྲོང་གསེབ་དགེ་རྒན་གྱི་ཞན་ཆ་བསལ་བ། ཀོང་ཏུང་ཞིང་ཆེན་གྱི་སློབ་གསོའི་བོད་སྐྱོར་ཚོགས་པས་ཧྭ་ནན་དགེ་འོས་སློབ་ཆེན་དང་ཀོང་ཏུང་ལག་རྩལ་དགེ་འོས་སློབ་ཆེན་སོགས་དགེ་འོས་རིགས་སམ་ཡང་ན་དགེ་འོས་ཆེད་ལས་ཀྱི་མཐོ་སློབ་11གི་རིག་ཚན་གྱི་ལེགས་ཆར་དམིཌ་ནས་རྒྱ་ཡིག་དང་། རྩིས་རིག དབྱིན་ཡིག རོལ་དབྱངས། ལུས་རྩལ། མཛེས་རིག་སོགས་ཕུལ་བྱུང་ཆེད་ལས་14ཡི་དགེ་འོས་རིགས་ཀྱི་ལོ་རིམ་མཐོ་བའི་སློབ་ཆེན་སློབ་མ་ཁྱོན་158བདམས་ཏེ། ཉིང་ཁྲི་གྲོང་ཁྱེར་གྱི་ཐད་གཏོགས་དང་རྫོང་དྲུག་ཆུས་གཅིག་གི་སློབ་གྲྭ་59རུ་བསྐྱོད་ནས་དུས་ཡུན་སློབ་དུས་གཅིག་གི་སློབ་སྐྱོར་ལས་དོན་སྤེལ་ཏེ་དགེ་རྒན་དཀོན་པའི་གནས་ཚུལ་ཞི་ལྷོད་དུ་བཏང་བ་རེད།

    ཆ་སྒྲིག་རོགས་སྐྱོར་ཡག་པོ་བྱས་ནས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་བཏང་བ། ཀོང་ཏུང་གི་མཐོ་སློབ་11གིས་ཉིང་ཁྲིའི་རིམ་ཁག་སྲིད་གཞུང་དང་ཆ་སྒྲིག་བྱས་པ་དང་། དེ་བཞིན་ཆ་སྒྲིག་སློབ་གྲྭ་19ཡི་རྨང་གཞིའི་ཐོག་2019ལོའི་ལོ་མཇུག་ཏུ། ཀོང་ཏུང་གི“གྲགས་ཅན་སློབ་གྲྭ+”གནད་སྨིན་རོགས་སྐྱོར་འདུ་འགོད་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཏེ། ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཁུག་ཆེན་ཁུལ་7གྱི་ས་ཁུལ་དང་གྲོང་ཁྱེར་གྱིས་ཉིང་ཁྲིའི་རྫོང་དྲུག་ཆུས་གཅིག་དང་། དེ་བཞིན་རོགས་སྐྱོར་དང་ལེན་སློབ་གྲྭ་འཕེལ་རྒྱས་གཏོང་རོགས་བྱེད་རྒྱུ་ཁ་གསལ་བཏོན་པ་དང་། ཆ་སྒྲིག་སློབ་གྲྭ་25གསར་དུ་བསྣན་ནས་སྤུས་ལེཌ་ཐོན་ཁུངས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། 2020ལོའི་ཟླ་4པའི་བར། ཀོང་ཏུང་གི་སློབ་གྲྭ་60ཡིས“གཅིག་གཏད་གཅིག”དང་། “གཅིག་གཏད་མང” “མང་གཏད་གཅིག”སོགས་ཆ་སྒྲིག་བྱེད་སྟངས་བརྒྱུད་ཉིང་ཁྲི་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་བཅས་44དང་མཛའ་གྲོགས་འབྲེལ་བ་བཙུཌ་པ་མ་ཟད། སློབ་གྲྭའི་དོ་དམ་དང་། སློབ་དཔྱོད་ཞིབ་འཇུག རིག་ཚན་འཛུཌ་སྐྱོང་། དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་སྤེལ་རེས་བྱས་པ་རེད།

    ལག་རྩལ་གྱི་རྨང་གཞི་ཡག་པོ་བཏིང་ནས་རིག་ལྡན་སློབ་གསོའི་སྤུས་རྟགས་བཏོད་ཅིང་། 2019ལོར་བོད་དུ་བསྐྱོད་ཚུན། བོད་སྐྱོར་ཚོགས་པས“སྔོན་བརྡ་དང་། ཐད་གཏོང་། བརྙན་ཕབ། བསྐྱར་སྟོན”བཅས་ཀྱི་ཐོག་ནས་སློབ་ཚན་སྤུས་ལེགས་ཀྱི་ཐོན་ཁུངས་དང་། ལས་སྟེགས་ཀྱི་ཐོན་ཁུངས། སློབ་གསོ་ཆ་འཕྲིན་ཅན་གྱི་བཀོལ་སྤྱོད་ཞབས་ཞུ་བཅས་མཁོ་འདོན་བྱས་པ་དང་། ཐད་གཏོང་ལེ་ཚན་ཐེངས་225བཀོད་སྒྲིག་བྱས་ཏེ། སྤུས་ལེགས་སློབ་གསོའི་ཐོན་ཁུངས་གྲོང་གསེབ་ཀྱི་སློབ་ཁང་དུ་ཐད་གཏོང་བྱས་ནས་གྲོང་གསེབ་ཀྱི་དགེ་སློབ་ཚོས་སྤུས་ལེགས་སློབ་གསོ“སྒོ་རྩ”ནས་ལོངས་སྤྱོད་ཐུབ་པ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།