དབུ་ཤོག>གསར་འགྱུར།
  • བརྩེ་སེམས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཐག་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-15

    ཆ་སྙོམས་ས་བབ་མཐོ་ཚད་སྨི་4450ལྷག་ཙམ་ཟིན་པའི་ནག་ཆུར། ལོ་18འབད་འཐབ་བྱས་པ་བརྒྱུད། ད་ཆ་དམངས་ཕན་སྨན་ཁང་ནག་ཆུའི་དམངས་གཉེར་སྨན་བཅོས་ལས་རིགས་ཀྱི“སྣེ་ཁྲིད་པར”གྱུར་ནས“ནག་ཆུ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ”དང་། “རྒྱལ་ཡོངས་ཀྱི་སྔོན་ཐོན་ཁེར་རྐྱང་ཚོང་དུད” “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་པ་རེད།

    བློ་རྩ་བརྟན་པོས་ནག་ཆུར་གཞི་བཙུགས་ཏེ་ལས་གཏོད་ལས་སྒྲུབ་བྱས་པ།

    2002ལོར། ཁྲུང་ཆིང་བ་སུའུ་ཧྲོང་ཧྭ་དང་གྲོགས་པོ་ཁ་ཤས་ནག་ཆུར་ལས་གཏོད་བྱེད་པར་ཡོང་ནས་མཉམ་དུ་སྒེར་གྱི་སྒོ་བསྟེན་སྨན་ཁང་ཞིག་བཙུགས་པ་རེད།

    དང་ཐོག ཚང་མས་གདེང་ཚོད་ཆེན་པོས་རང་ཉིད་ཀྱི་ཆེད་ལས་འདོན་སྤེལ་དང་སྨན་བཅོས་སྲོག་སྐྱོབ་བྱེད་པ་དང་། དཀའ་སྤྱད་ལས་གཏོད་བྱས་ཏེ་མི་ཚེའི་རིན་ཐང་མངོན་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བརྗོད་མོད། འོན་ཀྱང་དོན་དངོས་དེ་རེ་འདོད་དང་འགལ་ནས་མཉམ་ལས་བྱེད་མཁན་ཚང་མ་སྔ་རྗེས་སུ་ནག་ཆུ་ནས་ཁ་བྲལ་བས། སུའུ་ཧྲོང་ཧྭ་གཅིག་པུ་ལུས།

    བརྩེ་བ་དངོས་ལས་དམངས་སེམས་དངོས་ཐོབ་ཅིང་། ཁོང་གིས་ཆེད་ལས་ཀྱི་མིག་རྒྱང་དང་བློ་རྩེ་གཅིག་ཏུ་གཞོལ་བའི་ངེས་ཤུགས་ལ་བརྟེན་ནས། དམངས་གཉེར་འཕྲོད་བསྟེན་ཁྱབ་ཁོངས་སུ་ལས་ཀ་ཞིབ་ཚགས་བྱེད་པ་དང་འབད་འབུངས་ཆེར་སྐྱེད་དང་། ཧ་ཅང་བརྟན་པའི་སྨན་བཅོས་ཀྱི་རྨང་གཞི་དང་ཧ་ཅང་ཡག་པའི་ཞབས་ཞུའི་རྣམ་འགྱུར་ཐོག་ནས་ནད་པས་སེམས་ཁྲལ་བྱེད་སར་སེམས་ཁྲལ་དང་ནད་པས་བསམ་བློ་གཏོང་སར་བསམ་བློ་བཏང་བས། ཁོང་གི་སྨན་བཅོས་བྱས་པའི་ནད་པ་རེ་རེ་བཞིན་ནད་གཞི་རྦད་དེ་དྲག་སྐྱེད་བྱུང་ནས། ས་གནས་དེ་གའི་ལས་གྲོགས་དང་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ།

    2017ལོར། སུའུ་ཧྲོང་ཧྭས་ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་བྱས་པ་དང་། ཁྱོན་སྒོར་དུང་ཕྱུར་1.5བཏང་ནས་ནག་ཆུའི་དམངས་ཕན་སྨན་ཁང་བསྐྲུན་པར་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2ཡོད་པ་རེད། སྨན་ཁང་གིས་ལམ་ལུགས་ཅན་དང་། ཚད་གཞི་ཅན། ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་དོ་དམ་མ་ལག་བསྐྲུན་ནས། སྨན་བཅོས་དང་མྱུར་སྐྱོབ་གཞི་གཅིག་ཏུ་འདུས་པའི་ནག་ཆུའི་ཕྱོགས་བསྡུས་རང་བཞིན་གྱི་དམངས་གཉེར་སྨན་ཁང་ཐོག་མ་དེར་གྱུར་བ་དང་། སྨན་ཁང་དེ་ནི་ནག་ཆུ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་སྨན་ཁང་ཡང་ཡིན་པ་རེད།

    མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ནུས་ཤུགས་ཡོད་རྒུས་བརྩེ་སེམས་ཀྱི་འབྲེལ་བ་བཙུགས་པ།

    བོད་དུ་ཁེ་ལས་སྟོབས་ཆེར་བཏང་ནས་བོད་ཀྱི་སྤྱི་ཚོགས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བ་དང་བོད་ཀྱི་མི་དམངས་ཆེད་འགན་འཁྲི་དེ་བས་མང་བ་ཁུར་བ་ནི་དམངས་ཕན་སྨན་ཁང་གི་ལས་བཟོ་ཡོངས་ཀྱི་ཐུན་མོང་གི་ཕུགས་འདུན་རེད།

    ཉེ་བའི་ལོ་ཤས་རིང་། དམངས་ཕན་སྨན་ཁང་གིས་ཁྱིམ་ཚང་དབུལ་པོའི་ཕྲུ་གུ་སློབ་གྲྭ་འགྲོ་དཀའ་བའི་གནད་དོན་ལ་དོ་ཁུར་ཆེན་པོ་བྱས་ཏེ། དུད་ཚང་དབུལ་པོའི་སློབ་མ་མང་པོ་སློབ་གྲྭ་འགྲིམ་པར་རོགས་རམ་བྱས་ནས། བརྩེ་སེམས་ལ་བརྟེན་ནས་ཕྲུ་གུ་ཚོའི་ཕུགས་འདུན་སྒྲུབ་རོགས་བྱས་ཡོད།

    2015ལོ་ནས་ད་བར། དམངས་ཕན་སྨན་ཁང་གིས་སྔ་རྗེས་སུ་ནག་ཆུའི་ལྷོ་མ་གྲོང་རྡལ་གྱི་གྲོང་ཚོ་13པའི་སློབ་ཆེན་སློབ་མ་དབུལ་པོ2ལ་ལོ་རེར་སྒོར་ཁྲི་2ཀྱི་སློབ་སྐྱོར་རོགས་དངུལ་དང་ཟླ་རེར་སྒོར་400ཡི་འཚོ་བའི་གྲོན་དངུལ་སྤྲད་པ་དང་། ཁྲུང་ཆིང་རུང་ཁྲང་ཧོ་པའོ་གྲོང་རྡལ་རུང་ཀྲུང་སློབ་གྲྭའི་སློབ་མ་དབུལ་པོ་3ལ་ཟླ་རེར་འཚོ་བའི་གྲོན་དངུལ་སྒོར་300སྤྲད་པ་རེད།

    སྨན་བཅོས་དོ་དམ་གྱི་རིམ་ངོས་ནས་ཤེས་རྟོགས་བྱུང་བར། དུད་ཚང་དབུལ་པོ་ཁག་གཅིག་ནད་ཀྱིས་རྐྱེན་པས་དབུལ་པོ་ཆགས་ཤིང་། ཁྱིམ་ཚང་དབུལ་པོ་ཡུན་རིང་དབུལ་སྒྲོལ་བརྟན་པོ་ཡོང་བ་བྱེད་དགོས་ན། ངེས་པར་དུ་ཁོང་ཚོའི་ནད་གཞི་ཡག་པོ་བཅོས་དགོས། དམངས་ཕན་སྨན་ཁང་གིས་ཞིང་འབྲོག་པའི་དུད་ཚང་དབུལ་པོ20ལ་ལས་ཀ་བཀོད་སྒྲིག་བྱས་པ་དང་། དུད་ཚང་དབུལ་པོ་ཁག་གཅིག་གི་ནད་པ་ལོ་མང་པོ་ཆེད་ལས་སྨན་བཅོས་བྱེད་མྱོང་མེད་པའི་རྐྱེན་གྱིས་ནད་གཞི་སྡུག་ཏུ་ཕྱིན་པར་དམིགས་ནས། དམངས་ཕན་སྨན་ཁང་གིས་སྔ་རྗེས་སུ་ཚེ་བརྟན་སྒྲོལ་མ་དང་མིང་ཆུང་སོགས་མང་ཚོགས་ལ་རིན་མེད་སྨན་བཅོས་བྱས་པ་རེད།

    མིག་སྔར། ཚེ་བརྟན་སྒྲོལ་མ་དང་མིང་ཆུང་སོགས་ནད་པའི་ནད་གཞི་དྲག་སྐྱེད་བྱུང་ནས། ནག་ཆུ་གྲོང་ཁྱེར་དུ་ལས་ཀ་བྱེད་པ་དང་། ཟླ་རེའི་གླ་ཆ་སྒོར་5000ལྷག་ཙམ་ཟིན་ཡོད། མང་ཚོགས་དབུལ་པོའི་འཐུས་མི་ཚེ་བརྟན་སྒྲོལ་མས། “སྨན་པ་མང་ཆེ་བ་རྒྱ་རིགས་ཡིན་པས། སྐད་བརྡ་ཡག་པོ་འཕྲོད་ནའང་ཁོང་ཚོས་ང་རང་གཉེན་ཉེ་ལྟ་བུར་བརྩིས་ན་ལྟ་རྟོག་བྱེད་ཀྱི་ཡོད། ཁོ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀའ་དྲིན་དེ་འདྲ་མི་ཚེ་གཅིག་བརྗེད་པ་མི་འདུག”ཅེས་བརྗོད་པ་རེད།

    ཐོག་མའི་བསམ་འདུན་མ་བརྗེད་པར་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ལག་ལེན་པ་ཡག་པོ་ཞིག་བྱས་པ།

    སྨན་ཁང་གི་འགོ་ཁྲིད་སུའུ་ཧྲོང་ཧྭ་ཡིས། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་རྒྱབ་སྐྱོར་ཤུགས་ཆེན་མ་གནང་ཚེ། རང་ཉིད་དང་ཁེ་ལས་ཀྱི་ད་ལྟའི་འཕེལ་རྒྱས་ཡོང་མི་སྲིད་པའི་ངོས་འཛིན་བྱེད་པ་དང་། གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཁོང་གིས“དམངས་ཕན་སྨན་ཁང་ཞིག་ལ་མཚོན་ན། ཏང་འཛུགས་སྐྱོང་ནི་གལ་ཆེན་པོ་ཞིག་རེད། ཏང་ཡོན་ནི་དར་ཆ་དང་། ཀྲི་པུའུ་ནི་མཁར་རྫོང་ཡིན། ཧ་ཅང་བརྟན་པའི་ཕུགས་བསམ་དད་སེམས་དང་ཐུན་མོང་གི་འབད་འཐབ་དམིགས་ཚད་ཡོད་ན། གཞི་ནས་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་ཐུབ”ཅེས་བརྗོད་པ་རེད།

    ནག་ཆུ་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་སྣེ་ཁྲིད་འོག དམངས་ཕན་སྨན་ཁང་གིས་2013ལོར་སྨན་ཁང་ཏང་ཀྲི་པུའུ་བཙུགས་པ་དང་། སུའུ་ཧྲོང་ཧྭ་ཡིས་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་བ་རེད།

    ཉེ་བའི་ལོ་ཤས་རིང་། སྨན་ཁང་ཏང་ཀྲི་པུའུ་དང་ཏང་ཡོན་གྱི་སྣེ་ཁྲིད་འོག སྨན་ཁང་གིས“དམངས་ཕན་ལ་གཞི་ཚུགས་པ་དང་ནག་ཆུ་འཛུགས་སྐྲུན་བྱེད་པའི”དམིགས་ཡུལ་བཟུང་ནས། མི་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་སྔོན་གཏོད་ལེགས་བརྩོན་དང་ལས་མི་སྤུས་ལེགས་ཀྱི་ཞབས་ཞུ་གཏོད་པའི་བྱེད་སྒོ་ཤུགས་ཆེན་སྤེལ་བ་རེད།

    ཏང་ཀྲི་པུའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བརྒྱུད། སྨན་ཁང་ཏང་ཀྲི་པུའུ་ལ་ད་ཆ་ཏང་ཡོན་25དང་ཧུར་བརྩོན་ཅན་13ཡོད་པ་དང་། ཏང་འཛུགས་སྐྱོང་གི་ལས་དོན་ལ་ལས་བཟོ་དེ་བས་མང་བའི་བསམ་ཤེས་དང་། རྒྱབ་སྐྱོར། གཞོགས་འདེགས་བཅས་ཐོབ་ནས། ཏང་འཛུགས་སྐྱོང་གི་ལས་དོན་རིམ་བཞིན་ཚད་ལྡན་དུ་ཕྱིན་པ་དང་། ཏང་འཛུགས་སྐྱོང་གི་ལམ་ལུགས་ཁག་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། སྨན་ཁང་ལ་སྔ་རྗེས་སུ་ནག་ཆུ་གྲོང་ཁྱེར་གྱིས“ཏང་ཡོན་གྱི་དཔེ་བཟང་དཔེ་སྟོན་ལས་གནས”དང“སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ཀྱི་སྔོན་ཐོན་ཏང་ཀྲི་པུའུ”ཡི་མཚན་སྙན་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།