དབུ་ཤོག>གསར་འགྱུར།
  • ད་ཆ་པེ་ཅིང་དུ་རིམས་ནད་ཀྱི་ཉེན་ཁ་ཆེ་བའི་ས་ཁུལ་གཅིག་ཀྱང་མེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-07-15

    ཉིན་7བསྟུད་མར་ནད་དཔེ་གསར་པ་གཅིག་ཀྱང་ཐོན་མེད་པ་དང་། རིམས་ནད་ཀྱི་ཉེན་ཁ་ཆེ་བའི་ས་ཁུལ་མཐའ་མ་ཡིན་པའི་ཧྥུང་ཐའེ་ཆུས་ཧྭ་ཤང་ཡང་ཉེན་ཁ་ཆེ་བའི་ས་ཁུལ་ནས་ཉེན་ཁ་འབྲིང་བའི་ས་ཁུལ་དུ་གཏན་འཁེལ་བྱས་ཤིང་། གཏན་འཁེལ་བྱུང་བའི་ནད་དཔེ་དྲག་སྐྱེད་བྱུང་བའང་100ལྷག་ཙམ་ཟིན་གྱི་ཡོད་པ་རེད། ཟླ་7ཚེས་13ཉིན། པེ་ཅིང་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཆ་འཕྲིན་ལས་རིམས་ནད་ཀྱི་གནས་ཚུལ་རྒྱུན་མཐུད་ལེགས་སུ་འགྲོ་བཞིན་པ་མངོན་གྱི་ཡོད། པེ་ཅིང་གྲོང་ཁྱེར་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པས། རིམས་ནད་ཀྱི་གནས་ཚུལ་སྔོན་འགོག་དང་། ཚོད་འཛིན། སྔོན་དཔག་བཅས་བྱེད་ཐུབ་ན་ཡང་། རིམས་ནད་ད་དུང་མཇུག་འགྲིལ་མེད། སྔོན་འགོག་དང་ཚོད་འཛིན་བྱེད་པའི་བསམ་བློར་ལྷོད་གཡེང་མི་གཏོང་བ་དང་སྔོན་འགོག་དང་ཚོད་འཛིན་གྱི་ཚད་གཞི་དམའ་རུ་མི་གཏོང་བ་རྒྱུན་འཁྱོངས་བྱས་ནས། རྒྱུན་རྣམ་ཅན་དང་གནད་སྨིན་ཅན་གྱི་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་མཐའ་འཁྱོངས་བྱེད་དགོས་ཞེས་བརྗོད་པ་རེད།

    གཏན་འཁེལ་བྱུང་བའི་ནད་དཔེ་དྲག་སྐྱེད་བྱུང་ཚད་100ལས་བརྒལ་བ་དང་། ནད་དཔེ་ཚབས་ཆེ་བ་ཁག་ཀྱང་ཕྱོགས་ཡོངས་ནས་དྲག་སྐྱེད་ཡོང་བཞིན་ཡོད། པེ་ཅིང་ཏི་ཐན་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཝུའུ་གོ་ཨན་གྱིས། ཟླ་7ཚེས་13ཉིན་གྱི་ཆུ་ཚོད་15ལ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་ནད་དཔེ་ཚབས་ཆེན་205ཡོད་པ་ལས་130དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཐོན་པ་དང་། རིམ་རྩིས་བརྒྱབ་ན། ནད་དཔེ་ཧ་ཅང་ཚབས་ཆེན་5དང་ཚབས་ཆེན་21ལ་ཕྱོགས་བསྡུས་སྨན་བཅོས་བྱས་པ་བརྒྱུད། མིག་སྔར་ནད་དཔེ་ཚབས་ཆེན་25ནད་དཔེ་དཀྱུས་མར་གྱུར་པ་དང་། དེའི་ཁྲོད་ནས་ནད་དཔེ་1སྨན་ཁང་ནས་དོན་ཟིན་པ་རེད། མིག་སྔར་སྨན་ཁང་དུ་ཡོད་པའི་གཏན་འཁེལ་བྱུང་བའི་ནད་དཔེའི་ཁྲོད་དུ་ཧ་ཅང་ཚབས་ཆེ་བ་1ཡོད། “གཅིག་སྡུད་བཞིའི”རྩ་དོན་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག སྨན་ཁང་གིས་རིགས་དབྱེ་སྐྱོབ་བཅོས་སྔར་བས་ཞིབ་ཕྲ་བྱེད་ཀྱི་ཡོད། “ནད་དཔེ་ཚབས་ཆེན་ལྟ་སྐྱོང་ནད་ཁང་དང་ནད་ཁང་དཀྱུས་མའི་བར་ནད་དཔེ་ཚབས་ཆེན་གྱི་བར་བརྒལ་ནད་ཁང་བཀོད་སྒྲིག་བྱས་ནས། ནད་ཁང་དཀྱུས་མའི་ནང་གི་ནད་གཞི་ཅུང་ལྕི་བའི་ནད་དཔེ་ཁག་དུས་ཐོག་ཏུ་འཐེན་བཤེར་བྱས་ནས་གཅིག་སྡུད་དོ་དམ་བྱས་ཏེ་ལྟ་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་ཡིན”ཞེས་ངོ་སྤྲོད་བྱས་པ་རེད།

    ཟླ་7ཚེས་13ཉིན་ནས་བཟུང་། པེ་ཅིང་གི་སློབ་གྲྭ་འབྲིང་ཆུང་གི་སློབ་ཕྲུག་ཁྲི་བརྒྱ་ལྷག་ཙམ་དབྱར་གསེང་བཞག་པ་རེད། “དབྱར་གསེང་བཞག་པ་ནས་བཟུང་། སློབ་ཕྲུག་ཚོའི་ཉིན་ལྟར་བདེ་ཐང་གནས་ཚུལ་སྙན་ཞུ་ཐེངས་གཉིས་ནས་ཐེངས་གཅིག་བར་ཉུང་དུ་བཏང་བ་ཡིན། ཁྱེད་ཀྱིས་སློབ་ཕྲུག་གི་བདེ་ཐང་གནས་ཚུལ་ཉིན་རེའི་ཞོགས་པའི་ཆུ་ཚོད་8པར་འཛིན་གྲྭའི་ཀྲུའུ་རེན་ལ་སྙན་སེང་ཞུ་རོགས། གལ་སྲིད་གཟུགས་པོ་མི་བདེ་བ་བྱུང་ཚེ་སྒེར་ལ་འབྲེལ་བ་བྱེད་རོགས” ཧའེ་ཏེན་ཆུས་ཀྱི་མཁྱེན་ལྡན་མ་ལི་ལགས་ཀྱི་ཕྲུ་གུ་སློབ་ཆུང་ལོ་རིམ་དང་པོའི་སློབ་ཕྲུག་ཡིན་ལ། དབྱར་གསེང་མ་བཞག་གོང་ཁོ་མོར་སློབ་གྲྭའི་དགེ་རྒན་གྱི་སྐད་འཕྲིན་བརྡ་ཐོ་དེ་འདྲ་ཞིག་འབྱོར་བ་རེད། པེ་ཅིང་གྲོང་ཁྱེར་གྱི་རིམས་འགོག་བླང་བྱ་ལྟར། པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱིས་སློབ་ཕྲུག་ཚོར་གལ་སྲིད་ངེས་པར་དུ་འགྲོ་དགོས་མེད་ན་པེ་ཅིང་ནས་ཕྱིར་མི་འགྲོ་བ་དང་། དབྱར་གསེང་འཚོ་བ་ཚན་རིག་དང་ལུགས་མཐུན་གྱི་སྒོ་ནས་བཀོད་སྒྲིག་བྱེད་པ། སྡེ་ཁུལ་དང་སློབ་གྲྭའི་བདེ་ཐང་ལྟ་བཤེར་ཚད་ལེན་གྱི་བླང་བྱ་ཁག་དང་ལེན་བཅས་བྱས་ནས་ཕྱིར་བསྐྱོད་ཉུང་དུ་གཏོང་དགོས་པ་མ་ཟད། ད་དུང་གསོལ་སྟོན་དང་། ལྷན་འཛོམས། མཉམ་རུབ་བཅས་མི་བྱེད་པའི་གྲོས་འགོ་ཡང་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།