བསྟུད་མར་དྲག་ཆར་བབས་པའི་རྐྱེན་གྱིས་ཟླ་7ཚེས་10ཉིན་གྱི་ཆུ་ཚོད་16∶00ཙམ་ལ་རྒྱལ་ལམ་318སྤོ་བོ་རྫོང་རྒུ་ཤང་3993KM+800Mཡི་སར་འདམ་རྡོའི་ཆུ་རུད་ཀྱི་རང་བྱུང་གནོད་འཚེ་ཐོན་ཏེ་དེ་གའི་ཟམ་པ་ཆུས་འཁྱེར་བས་རླངས་འཁོར་འགྲོ་ཐབས་བྲལ་ཡོད་པ་རེད།

མིག་སྔར། སྤོ་བོ་རྫོང་སྤྱི་བདེ་ཅུས་ཀྱིས་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་པུའུ་ཞིག་དང་མཉམ་འབྲེལ་ཐོག་གནོད་འཚེ་ཕོག་སའི་ལམ་དུམ་དུ་ནུས་ཤུགས་ཡོད་རྒུས་སྟབས་བདེའི་ཟམ་པ་བསྐྲུན་ཏེ་སྨན་བཅོས་བྱེད་པར་སྐྱོད་མཁན་དང་། ཡིག་རྒྱུགས་གཏོང་བར་སྐྱོད་མཁན། ཛ་དྲག་གི་ལས་དོན་སྒྲུབ་མཁན་སོགས་དམིགས་བསལ་གྱི་ཚོགས་སྤྱིར་སྟབས་བདེ་བསྐྲུན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྟབས་བདེའི་ཟམ་པ་ནས་མི་སྣ་གཏོང་བའི་ཞིབ་ཕྲའི་དུས་ཚོད་ནི་ཞོགས་པའི་ཆུ་ཚོད་7∶00ནས་དགོང་མོའི་ཆུ་ཚོད་19∶00བར་ཡིན་པ་དང་། གཞན་ཡང་། ལམ་དུམ་བུ་འདི་སྔོན་དཔག་བྱས་ན་ཟླ་7ཚེས་17ཉིན་ཤར་གཏོང་ཐུབ་རེ་ཡོད་པ་རེད།