དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-14

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (2020ལོའི་ཟླ་7ཚེས་13ནས་19ཉིན་བར)

    གཟའ་ཟླ་བ་དང་གཟའ་མིག་དམར་ལ་ནག་ཆུའི་དབུས་ཤར་རྒྱུད་དང་། ཉིང་ཁྲི་དང་ཆབ་མདོའི་བྱང་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། ཉིང་ཁྲིའི་ས་བབ་དམའ་བའི་ཤང་དང་གྲོང་རྡལ་ཁག་གཅིག་ལ་ཆར་པ་ཆེན་པོ་ནས་དྲག་ཆར་འབབ་རྒྱུ། ལྷ་ས་དང་། ལྷོ་ཁ། གཞིས་རྩེ་བཅས་སུ་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཐོལ་ཆར་འབབ་རྒྱུ།

    གཟའ་ལྷག་པ་ནས་གཟའ་པ་སངས་བར། ཉིང་ཁྲི་དང་། ཆབ་མདོ། ནག་ཆུའི་ཤར་རྒྱུད། གཙང་པོའི་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། གཞིས་རྩེའི་ལྷོ་རྒྱུད་དང་ལྷོ་ཁའི་ལྷོ་རྒྱུད་དུ་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཐོལ་ཆར་འབབ་རྒྱུ།

    གཟའ་མཇུག ནག་ཆུའི་དབུས་ཤར་རྒྱུད་དང་། ཉིང་ཁྲི་དང་ཆབ་མདོར་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་བབ་དམའ་བའི་ཤང་དང་གྲོང་རྡལ་ཁག་གཅིག་ལ་ཆར་པ་ཆེན་པོ་ནས་དྲག་ཆར་འབབ་རྒྱུ། ལྷ་ས་དང་། ལྷོ་ཁ། གཞིས་རྩེ་བཅས་སུ་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཐོལ་ཆར་འབབ་རྒྱུ།

    གཉིས།  གྲོས་འགོ

    གཅིག གཟའ་འཁོར་འདིའི་ནང་ཆར་ཆུ་མང་བ་དང་། ཤྭ་འོད་དང་། རི་ཉིལ་བ། ཆུ་རུད་སོགས་ས་གཤིས་ཀྱི་གནོད་འཚེའི་ཉེན་ཁའི་རིམ་པ་ཅུང་མཐོ་བས། ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་སྦྲགས་སྔོན་འགོག་ལས་དོན་ཡག་པོ་སྒྲུབ་དགོས།

    གཉིས། ཉིན་གུང་ནས་ས་སྲོས་བར་གློག་དམར་འཁྱུག་པ་དང་སེར་བ་འབབ་པ་སོགས་དུས་ཐུང་གི་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་བསྟན་སླ་བས་དོགས་ཟོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།