དབུ་ཤོག>གསར་འགྱུར།
  • ​ ནང་སའི་བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)2020ལོར་ཐོན་མཁན་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མ་རྣམས་བོད་དུ་ཡིག་རྒྱུགས་གཏོང་བར་ལོག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2020-07-13

    འབྲིང་རྒྱུགས་གཏོང་ཉེར་ཡོད་པའི་མཚམས་སུ་རང་ལྗོངས་ཀྱི་ནང་སའི་བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)2020ལོར་ཐོན་མཁན་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མ་རྣམས་གཅིག་རྗེས་གཉིས་མཐུད་ངང་ཕ་ཡུལ་གཉིས་པ་ནས་གྱེས་ཏེ་བོད་དུ་ཡིག་རྒྱུགས་གཏོང་བར་ལོག་ཡོང་བ་རེད།

    བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)2020ལོར་ཐོན་མཁན་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མའི་ལས་དོན་ཁག་ཡག་པོ་སྒྲུབ་ཆེད། ལེའོ་ཉིང་གྲོང་ཁྱེར་སློབ་འབྲིང་དང་པོའི་བོད་ལྗོངས་འཛིན་གྲྭས་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་། ད་ཐེངས་ཀྱི་བར་བརྒྱུད་ས་ཆ་དེ་སྔའི་པེ་ཅིང་ནུབ་རྒྱུད་ས་ཚིགས་ནས་ནན་ཅིང་ས་ཚིགས་སུ་བསྒྱུར་བ་དང་། སློབ་གྲྭས་སློབ་མ་སྲུང་སྐྱེལ་བདེ་འཇགས་ལས་དོན་གྱི་ཚོགས་འདུ་འཚོགས་ཏེ་འགྲུལ་སྐྱོད་བཀོད་སྒྲིག་དང་རིམས་འགོག་སྲིད་ཇུས། དེ་བཞིན་སློབ་མའི་ལམ་བར་གྱི་བདེ་འཇགས་སློབ་གསོ་སོགས་ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་པ། ཕ་ཡུལ་དུ་ལོག་པའི་དུས་ཚོད་དང་དེ་བཞིན་ཕ་ཡུལ་དུ་ལོག་པའི་མེ་འཁོར་གཏོང་ཐེངས་དང་ལམ་ཐིག་གཏན་འཁེལ་དང་སྲུང་སྐྱེལ་དགེ་རྒན་གཏན་འཁེལ་བྱས་ནས་བདེ་བླག་ངང་བོད་དུ་ལོག་ཐུབ་པའི་འགན་ལེན་བྱས་པ་མ་ཟད། སློབ་གྲྭས་ད་དུང་སློབ་མ་ཚོར་བཟའ་བཅའ་གྲ་སྒྲིག་བྱས་ནས་ལམ་བར་གྱི་བཟའ་བཏུང་ཡང་འགན་ལེན་བྱས་ཡོད། ལེའོ་ཉིང་མེ་འཁོར་བབས་ཚུགས་དང་ནན་ཅིང་མེ་འཁོར་བབས་ཚུགས་ཀྱིས་ཕ་ཡུལ་དུ་ལོག་མཁན་བོད་རིགས་སློབ་མར་ཐོགས་མེད་བགྲོད་ལམ་བཏོད་དེ་ཚང་མ་བདེ་བླག་ངང་བབས་ཚུགས་སུ་འཛུལ་ཐུབ་པ་དང་མེ་འཁོར་སྡོད་ཐུབ་པའི་འགན་ལེན་བྱས་ཡོད།

    ཟླ་7ཚེས་2ཉིན་གྱི་ཉིན་དགུང་2020ལོར་ཐོན་མཁན་ཁྲང་ཀྲོའུ་བོད་ལྗོངས་མི་རིགས་སློབ་འབྲིང་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མ་148བོད་དུ་རྡོག་ཐོན་བྱས་པ་དང་། ཆུ་ཚོད་48ཀྱི་རྗེས་སུ་སློབ་མ་148ལས་དོན་མི་སྣའི་ཁྲིད་སྟོན་འོག་བབས་ཚུགས་ནས་མ་ཐོན་གོང་དུག་སེལ་དང་ཚ་བ་བལྟས་རྗེས་སོ་སོའི་ཕ་མར་རྩིས་སྤྲད་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།