ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། དབྱིང་ཁྲའོ་ཚན་རྩལ་གྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། འདི་ལོའི“6·18”དྲ་ཐོག་ཚོང་ཁང་གི་ཟོག་ཉོའི་དུས་ཆེན་རིང་། བོད་ཀྱི་དྲ་ཐོག་སིལ་ཚོང་དངུལ་འབོར་སྒོར་ཁྲི་39701ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་48.77%འཕར་བ་དང་། ལོ་གོང་མའི་དུས་མཚུངས་ལས་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཨང་9པར་སླེབས་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་8.01གིས་མཐོ་བ་ཡོད་པ་རེད།
རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལས་རིགས་ཀྱི་གྲུབ་ཆའི་དབྱེ་བ་གཞིར་བཟུང་། རང་ལྗོངས་ཀྱི་དངོས་རྫས་རིགས་དྲ་ཐོག་ནས་སིལ་ཚོང་བྱས་པར་སྒོར་ཁྲི་32599ཟིན་པ་དང་ཞབས་ཞུའི་རིགས་དྲ་ཐོག་ནས་སིལ་ཚོང་བྱས་པར་སྒོར་ཁྲི་7103ཟིན་ཡོད། ས་ཁོངས་དབྱེ་ནས་བལྟས་ན། ལྷ་ས་དང་། ཉིང་ཁྲི། ཆབ་མདོ་བཅས་ཀྱི་མཚོན་ཚུལ་ཕུལ་བྱུང་ཡིན་པ་དང་ཁག་སོ་སོར་དྲ་བའི་ཐོག་ནས་སིལ་ཚོང་བྱས་པར་སྒོར་ཁྲི་34013དང་། སྒོར་ཁྲི་2973 སྒོར་ཁྲི་572བཅས་ཟིན་པ་དེས་ལྗོངས་ཡོངས་ཀྱི་བསྡུར་གྲངས་85.67%དང། 7.49% 1.44%སོ་སོར་ཟིན་ཡོད།