དབུ་ཤོག>གསར་འགྱུར།
  • པ་སངས་སྒྲོལ་དཀར་དང་ལུའུ་ལེ་ཀྲང་གི་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-12

    “གངས་ལྗོངས་ས་མཐོའི་ཐོག་གི་ཇ་ཚྭ་བཞིན། ཕན་ཚུན་གཅིག་ལ་གཅིག་བརྟེན་བྱེད། བོད་རྒྱ་ཁྱིམ་ཚང་གཅིག་ལྟར་བརྩེ”འདི་ནི་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་རྒྱུད་དུ་དར་ཁྱབ་ཆེ་བའི་གཏམ་དཔེ་ཞིག་ཡིན་ལ། འདི་གར་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་མང་པོ་ཐོན་ཡོད། མཚོ་སྔོན་གྱི་ཕོ་གསར་ལུའུ་ལེ་ཀྲང་དང་ས་གནས་དེ་གའི་བུ་མོ་པ་སངས་སྒྲོལ་དཀར་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་ཀྱང་དེ་དག་ཁྲོད་ཀྱི་གཅིག་ཡིན།

    པ་སངས་སྒྲོལ་དཀར་དང་ལུའུ་ལེ་ཀྲང་མཐོང་དུས། ཁོང་གཉིས་ཀྱིས་སོ་སོས་གཉེར་བའི་ཟ་ཁང་དུ་ལས་ཀ་བྱེད་བཞིན་འདུག

    ལུའུ་ལེ་ཀྲང་། རྒྱ་རིགས། མཚོ་སྔོན་གྲོ་ཚང་ནས་ཡིན། པ་སངས་སྒྲོལ་དཀར། བོད་རིགས། ལྕེ་བདེ་ཞོལ་གྲོང་རྡལ་ལྕེ་བདེ་ཞོལ་སྡེ་ཁུལ་ནས་ཡིན། གྲོ་ཚང་དང་ལྕེ་བདེ་ཞོལ་གཉིས་ལེ་དབར་སྟོང་ཕྲག་ཆོད་ཀྱང་། ལས་དབང་གིས་ཁོང་གཉིས་ཀྱི་སེམས་པ་གཅིག་ཏུ་སྦྲེལ། “བོད་དུ། མི་རྣམས་ཀྱིས་ངེད་གཉིས་ལྟ་བུའི་ཁྱིམ་ཚང་ལ‘མཐུན་སྒྲིལ་ཁྱིམ་ཚང’ཟེར” ཞེས་པ་སངས་སྒྲོལ་དཀར་གྱིས་གསར་འགོད་པར་བཤད།

    2000ལོར། ལུའུ་ལེ་ཀྲང་གིས་ཟ་ཁང་དུ་ལས་ཀ་བྱེད་སྐབས་མ་བྱན་ནི་ལས་ཀ་ཡག་པོ་ཞིག་ཡིན་པ་ཤེས་རྗེས་མ་བྱན་གྱི་ལག་ཁྱེར་ལེན་རྒྱུའི་སེམས་ཐག་བཅད་པ་རེད། མ་བྱན་གྱི་ལག་ཁྱེར་རག་རྗེས། ནང་མི་དང་གྲོགས་པོ་ཚང་མས་ནང་སར་འགྲོ་རྒྱུའི་ཁ་ཏ་བྱས་ཀྱང་ཁོང་བོད་དུ་བསྡད་པ་རེད། 

    ལྷ་སའི་ཟ་ཁང་ཞིག་ཏུ་ལས་ཀ་བྱེད་སྐབས། ལུའུ་ལེ་ཀྲང་གིས་པ་སངས་སྒྲོལ་དཀར་ངོ་ཤེས། “སྐབས་དེ་དུས་ང་ནི་མ་བྱན་དང་ཁོ་མོ་ཚལ་སྐྱེལ་མཁན་རེད། དང་ཐོག ཁོ་མོས་རྒྱ་སྐད་ཡག་པོ་དེ་ཙམ་རྒྱག་ཤེས་ཀྱི་མེད་པས། ང་ཚོས་འཕྱ་དམོད་བྱེད་སྐབས་ཁོ་མོས་རླུང་མི་སྟོན་པ་མ་ཟད། ད་དུང་ང་ཚོར་རྩེད་མོ་རྩེ་ཡི་ཡོད”“དེ་ནས་བཟུང་། ངས་ཁོ་མོ་གཤིས་ཀ་ཡག་པོ་འདུག་སྙམ་བྱུང”ཞེས་ལུའུ་ལེ་ཀྲང་གིས་བཤད།

    “ཁོང་གིས་ང་ལ་ནང་སའི་སྐོར་བཤད་པ་དང་། ངས་ཁོང་ལ་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཤོད་ཀྱི་ཡོད”ཅེས་པ་སངས་སྒྲོལ་དཀར་གྱིས་བཤད།

    རང་སེམས་ཤོར་པའི་མི་དེ། ལྷ་མོ་ལས་ཀྱང་མཛེས་པ་ཞེས་པ་བཞིན་པ་སངས་སྒྲོལ་དཀར་གྱི་གཤིས་རྒྱུད་བཟང་པོས་ལུའུ་ལེ་ཀྲང་གི་ཡིད་སེམས་རྦད་དེ་བཀུག

    དགའ་རོགས་བསྒྲིགས་ནས་དུས་ཚོད་མང་པོ་མ་སོང་བར། ཁོང་གཉིས་གཉེན་སྒྲིག་བྱས། དེ་ནས་ཁོང་གཉིས་པ་སངས་སྒྲོལ་དཀར་གྱི་ཕ་ཡུལ་དུ་ལོག་རྒྱུའི་གྲོས་བསྡུར་བྱས།

    “ཁོ་མོས་ལྕེ་བདེ་ཞོལ་གྲོང་རྡལ་གྱིས་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱེད་བཞིན་ཡོད་པས་གོ་སྐབས་མང་པོ་ཡོད། ང་ཚོ་ངའི་ཕ་ཡུལ་དུ་ལོག་འགྲོ་ཞེས་བཤད་བྱུང་། ངས་ཀྱང་གང་དུ་ཚོང་བརྒྱབ་ཀྱང་གཅིག་པ་རེད། ལྕེ་བདེ་ཞོལ་གྲོང་རྡལ་དུ་ཟ་ཁང་ཞིག་གཉེར་ན། ད་དུང་རྒན་རྒོན་ལ་ཡང་ལྟ་རྟོག་བྱེད་ཐུབ་ངེས་རེད་སྙམ་བྱུང་། གཉེན་བསྒྲིགས་རྗེས། སྒྱུག་པོ་དང་སྒྱུག་མོ་གཉིས་ཀྱིས་ཀྱང་ངེད་གཉིས་ལ་ཡག་པོ་བྱེད་ཀྱི་འདུག དྲིན་ལ་དྲིན་ལན་འཇལ་དགོས། ངས་རྒན་རྒོན་གཉིས་ལ་བསྙེན་བཀུར་ཡག་པོ་བྱེད་ཀྱི་ཡིན”ཞེས་ལུའུ་ལེ་ཀྲང་གིས་བཤད།

    2018ལོ་ནས་ད་བར། ཟ་ཁང་གཉེར་ནས་ལོ་གཉིས་ཕྱིན་པ་དང་ལོ་གཉིས་རིང་། ཟ་ཁང་གི་ཚོང་ཧ་ཅང་ཡག་པོ་འདུག་ལ་འཚོ་བ་ཡང་ཇི་ཙམ་སྐྱེལ་པ་དེ་ཙམ་གྱིས་ལེགས་སུ་ཕྱིན་སོང་། “བཟའ་ཚང་བྱེད་པ་ཡང་ཟ་ཁང་གཉེར་བ་དང་གཅིག་མཚུངས་རེད། ལྷག་བསམ་རྣམ་དག་བྱས་ན་འཚོ་བ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་ངེས་རེད”ཅེས་པ་སངས་སྒྲོལ་དཀར་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།