དབུ་ཤོག>གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས“སྡེ་ཁུལ་དུ་ལྗང་མདོག་ཤེས་དཔལ་ཁྱབ་གདལ་དང་དྲིལ་བསྒྲགས་ཞབས་ཞུས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ”ཞེས་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-10

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་འཛུགས་གཏོད་གཞུང་དོན་ཁང་གིས་ཆུས་ཁྲིམས་འཛིན་ཅུས་དང་རྩེད་ཐང་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་མཉམ་དུ། ཆུ་ཁ་ལྡིང་སྡེ་ཁུལ་དུ“སྡེ་ཁུལ་དུ་ལྗང་མདོག་ཤེས་དཔལ་ཁྱབ་གདལ་དང་དྲིལ་བསྒྲགས་ཞབས་ཞུས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ”ཞེས་པའི་བྱེད་སྒོ་སྤེལ་བ་རེད། ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དང་། གྲོང་ཁྱེར་སྨན་རྩིས་ཁང་། གྲོང་ཁྱེར་སློབ་ཆུང་དང་པོ། ཞིང་ལས་དངུལ་ཁང་སྣེ་གདོང་ཉིང་ལག་དངུལ་ཁང་རྩེད་ཐང་ལས་གཉེར་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། དེ་བཞིན་སྡེ་ཁུལ་གྱི་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། ཡུ་གུར་རིགས་སོགས་མི་རིགས་ཀྱི་འཐུས་མི་དང་མང་ཚོགས་ཀྱི་འཐུས་མི་བྱེད་སྒོར་ཞུགས་པ་རེད། བྱེད་སྒོ་སྤེལ་རིང《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་ཆབས་ཅིག སྡེ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མིས་བཅའ་ཁྲིམས་དང་། སྨན་བཅོས། སློབ་ཞུགས། དངུལ་བུན་སོགས་ལ་བཏོན་པའི་དོགས་གཞིར་ལན་ཞིབ་ཕྲ་བརྒྱབ་པ་རེད།

    སྡེ་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཆུ་ཁ་ལྡིང་སྡེ་ཁུལ་ནི་མི་རིཌ་མང་བའི་འདུས་སྡུད་ཁུལ་ཞིག་ཡིན་པས། སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲཌ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་སྡེ་ཁུལ་གྱི་གྲོང་མིས་སྲིད་ཇུས་ཤེས་རྟོཌ་དང་བཅའ་ཁྲིམས་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྤྱི་ཚོཌ་དོ་དམ་དང་ཞབས་ཞུར་རྨང་གཞི་ཡག་པོ་འདིང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཏུ་གྱུར་ཡོད་ཅེས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།