དབུ་ཤོག>གསར་འགྱུར།
  • ཀྲུང་ཨའི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-07-09

    ཉིན་ཤས་གོང་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་ཀྱི་སྐབས་དགུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་བརྙན་ལམ་འབྲེལ་མཐུད་ཀྱི་རྣམ་པའི་ཐོག་ནས་འཚོགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད། ཨ་རབ་རྒྱལ་ཁབ་ཀྱི་མི་སྣས་ངོས་འཛིན་བྱས་དོན། རྟེན་འབྲེལ་འཕྲིན་ཡིག་ནང་ཀྲུང་ཨས་རིམས་འགོག་ཐད་མཉམ་ལས་དམ་ཟབ་བྱེད་པ་དང་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བར་ཐོབ་པའི་གྲུབ་འབྲས་གསར་པ་ནན་བཤད་གནང་ཡོད་ལ། ཀྲུང་ཨའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་ནས་ཕྱོགས་གཉིས་ཀྱི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྔར་བས་སྐུལ་འདེད་བཏང་ཡོད།

    རིམས་འགོག་མཉམ་ལས་ནི་ཀྲུང་ཨའི་ལས་དབང་གཅིག་མཐུན་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན།

    སི་རི་ཡའི་ཆབ་སྲིད་གནད་དོན་གྱི་རིགས་གཅིག་མཁས་ཅན་སང་ཅ·ཡིའུ་སུའུ་ཧྥུའུ་ཡིས། རྟེན་འབྲེལ་འཕྲིན་ཡིག་ནང་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་སྐབས་མཉམ་ལས་དམ་ཟབ་བྱས་པར་ཁས་ལེན་གང་ལེགས་གནང་ཡོད། ལག་གདང་སྦྲེལ་ནས་རིམས་འགོག་བྱེད་པ་ནི་ཨ་ཀྲུང་གི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཞིབ་ཕྲའི་ལག་ལེན་ཡིན་ལ། ཕྱོགས་གཉིས་པོས་ཕན་ཚུན་རོགས་རམ་དང་གཉིས་ཕན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད་ཅེས་བརྗོད།

    མོ་རོ་ཁོའི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་འཕེལ་རྒྱས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ན་སེར·པུའུ་ཤིས་པཱ་ཡིས། རིམས་འགོག་མཉམ་ལས་ཀྱིས་ཨ་ཀྲུང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་དུས་རབས་ཀྱི་ནང་དོན་གསར་པ་སྦྱིན་ཡོད། ཨ་ཀྲུང་གིས་རིམས་འགོག་བྱེད་སྐབས་ཕན་ཚུན་རྒྱབ་སྐྱོར་བྱས་པ་དེས་ཕྱོགས་གཉིས་པོའི་འབྲེལ་བ་དེ་བས་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བརྗོད།

    དབྱི་རག་གི་ཆབ་སྲིད་དབྱེ་ཞིབ་པ་ནཱ་ཏུའུ་མུའུ·ཨ་པུའུ་ཏུའུ་ལས། ཀྲུང་གོས་མཁོ་འདོན་བྱས་པའི་སྨན་བཅོས་རོགས་སྐྱོབ་དང་དེ་བཞིན་མངགས་པའི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་རིམས་འགོག་བྱེད་རོགས་བྱས་པར་ཨ་རབ་མི་དམངས་ཀྱིས་གུས་བཀུར་ཞུ་རྒྱུ་ཡིན་ལ་དེར་བསྔགས་བརྗོད་ཀྱང་བྱ་རྒྱུ་ཡིན། ཨ་རབ་མི་དམངས་ཀྱིས་ཀྲུང་གོའི་མི་ཆོས་རིང་ལུགས་ཀྱི་ལངས་ཕྱོགས་ནམ་ཡང་བརྗེད་མི་སྲིད། ཀྲུང་གོ་ནི་གྲོགས་པོ་དངོས་འབྲེལ་ཡིན་ཞེས་བརྗོད།

    “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་ཀྲུང་ཨའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་བ།

    ཨེ་ཅིབ་ཀྱི་ཨེ་ཀྲུང་ཚོང་ཚོགས་ཀྱི་དྲུང་ཆེ་ཏི་ཡ·ཧོར་སྨིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ལས་ཨ་ཀྲུང་གི་སྲོལ་རྒྱུན་མཛའ་གྲོགས་དང་མཛའ་མཐུན་གྱི་འབྲེལ་བ་མཚོན་ཡོད། ཀྲུང་གོ་ནི་ཨ་རབ་འཛམ་གླིང་གི་གྲོགས་པོ་དངོས་འབྲེལ་ཡིན། ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་དེའི་ནང་ཞུགས་པའི་ཨ་རབ་རྒྱལ་ཁབ་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་བསྐྲུན་ཡོད་ཅེས་བརྗོད།

    ཐུ་ནི་སིའི་ཆབ་སྲིད་དབྱེ་ཞིབ་མཁས་ཅན་ཀྲུའུ་མའེ·ཅ་སི་སྨིས། རྟེན་འབྲེལ་འཕྲིན་ཡིག་ནང་འཁོད་པ་ལྟར། ཀྲུང་ཨའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་སོགས་ཀྱི་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་གྲོས་འགོར་ཨ་རབ་རྒྱལ་ཁབ་ཀྱི་བརྡ་ལན་ཧ་ཅང་ཡག་པོ་ཐོབ་ཡོད། “རྒྱུད་གཅིག་ལམ་གཅིག”གི་རྣམ་གྲངས་ལག་བསྟར་བྱས་པ་དེས་ཨ་ཀྲུང་མི་དམངས་དབར་ཕན་ཚུན་རྒྱུས་མངའ་ལོན་རྒྱུར་ཕན་པ་ཡོད་ལ་ཕན་ཚུན་བརྩི་འཇོག་དང་། མཉམ་ལས། སྒོ་དབྱེ་བཅས་ཀྱི་རྨང་གཞིའི་ཐོག་ཕྱོགས་གཉིས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་ཡང་ཕན་པ་ཡོད་ཅེས་བརྗོད།

    ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཀྲ་ཡེ་ཏེ་སློབ་ཆེན་དབྱི་སི་ལམ་འཛམ་གླིང་ཞིབ་འཇུག་སུའོ་ཡི་དེ་སྔའི་སུའོ་ཀྲང་ན་སེར·ཨ་ལི་ཧྥུའུ་ཡིས། ཨ་རབ་རྒྱལ་ཁབ་ལ་འགྲན་སློང་སྣ་ཚོགས་འཕྲད་པའི་སྐབས་སུ། ཀྲུང་གོས་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཁག་གཅིག་ཐག་གཅོད་བྱ་རྒྱུར་ཇུས་གཞི་གསར་པ་བཏོན་ཡོད། “རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་ཨ་ཀྲུང་གི་དངོས་གཉེར་མཉམ་ལས་ལ་འཕེལ་རིམ་དེ་བས་ཆེ་བ་ཐོབ་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད།

    ཀྲུང་ཨའི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་ལག་གདང་སྦྲེལ་ནས་སྐུལ་འདེད་བཏང་བ།

    ཁ་ཐར་རིག་གནས་ལྟེ་གནས་ཞིབ་འཇུག་པུའི་ཀྲུའུ་རེན་ན་ཏི་ཡ·ཨ་ལེ་མུའུ་ཏི་ཧ་ཁེས། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱིས་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་ས་ཁུལ་གྱི་བརྟན་ལྷིང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་གི་ཡོད། ད་ཐེངས་ཀྱི་ཚོགས་འདུ་འདིས་ཨ་ཀྲུང་གི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་ནས་ཕྱོགས་གཉིས་པོའི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་གདོན་མི་ཟ་ཞེས་བརྗོད།

    ཅོར་ཏན་གྱི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ས་སྨིར·ཨའེ་ཧ་མའེ་ཏེས། ཨ་ཀྲུང་ཕྱོགས་གཉིས་ཀྱིས་སྒོ་དབྱེ་བསྟུན་མཁས་ཀྱི་རྣམ་འགྱུར་ཐོག་ནས་ཕན་ཚུན་སྐད་ཆ་ཤོད་རེས་དང་མཐུན་སྦྱོར་མཐའ་འཁྱོངས་བྱེད་ཀྱི་ཡོད་པས་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཞི་མཐུན་མཉམ་གནས་ཀྱི་དཔེ་མཚོན་དུ་འགྱུར་དགོས། དོན་དངོས་ཐོག་རྩ་དོན་དེ་གཙོ་བོར་བཟུང་ཚེ་འཛམ་གླིང་དབུས་ཤར་ཚུད་པའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དང་ཞི་བདེར་སྐུལ་འདེད་ཐེབས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་སྐྲུན་བྱེད་ཐུབ་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།