དབུ་ཤོག
  • ཤ་ཚིལ་ཞུ་བར་ལུས་སྦྱོང་མཐའ་འཁྱོངས་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-07

    ཁྱེད་ཀྱི་གཟུགས་པོའི་ཤ་ཚིལ་གྱི་སྟོན་གྲངས།

    གཟུགས་པོའི་ཤ་ཚིལ་གྱི་སྟོན་གྲངསBMIནི་ཁྱེད་ཀྱི་གཟུགས་པོའི་རིང་ཚད་དང་ལྗིད་ཚད་ལ་བརྟེན་ནས་རྩིས་རྒྱག་པ་དང་དེ་ནི་རྒྱགས་པ་ཡོད་མེད་ལྟ་བའི་རྒྱུན་གཏན་གྱི་དམིགས་ཚད་ཅིག་རེད། བདེ་ཐང་གི་BMIཡི་སྟོན་གྲངས་ནི། སྐྱེས་པ་དར་མ་24མན་དང་བུད་མེད་དར་མ་21མན་ཡིན་དགོས། སྐྱེས་པའིBMIསྟོན་གྲངས་28ཡན་དང་བུད་མེད་ཀྱི་BMIསྟོན་གྲངས་23ཡན་ལས་བརྒལ་ན། རྒྱགས་པའི་ཁོངས་སུ་གཏོགས་ཀྱི་ཡོད།

    BMIཡིས་གཟུགས་པོའི་ཤ་ཚིལ་གྱི་བསྡུར་གྲངས་ལ་རྩིས་རྒྱག་གི་ཡོད། དེར་བརྟེན་གཟུགས་པོའི་ལྗིད་ཚད་བརྒལ་ནས་སྙིང་ནད་དང་ཁྲག་ཤེད་མཐོ་བ་སོགས་ཀྱི་ཉེན་ཁ་ཡོད་མེད་ཐད། རྒྱུན་གཏན་གཟུགས་པོའི་ལྗིད་ཚད་ལ་བརྟེན་ནས་ངོས་འཛིན་བྱེད་པ་ལས་ཡང་དག་པ་ཡོད།

    【རིགས་གཅིག་མཁས་ཅན་གྱི་དྲན་སྐུལ】

    BMIབརྟག་དཔྱད་བྱེད་རྒྱུ་མེད་པའི་གྲས་སུ། ལོ་18ཟིན་མེད་པ་དང་། སྟོབས་ཤུགས་སྦྱོང་བརྡར་བྱེད་བཞིན་པའི་ལུས་རྩལ་པ། མངལ་ཆགས་པའམ་ཡང་ན་འོ་མ་སྟེར་བཞིན་པའི་བུད་མེད་བཅས་དང་། དེ་བཞིན་ལུས་སྟོབས་ཞན་པའམ་ཡང་ན་ཡུན་རིང་བསྡད་ནས་འགུལ་སྐྱོད་མི་བྱེད་པའི་རྒན་རྒོན་བཅས་ཚུད་ཡོད།

    ལུས་ནུས་བདེ་ཐང་ཚད་ལེན།

    ཞིབ་འཇུག་ལས་མངོན་གསལ། སྤྱིར་ན་མིའི་གཟུགས་པོ་ལོ་50ནས་བཟུང་། ཤ་གནད་མགྱོགས་མྱུར་རིད་པའི་རྣམ་པའི་ངོས་ནས་བརྗོད་ན། སྐྱེས་པ་ཕལ་ཆེར་གསུམ་ཆ་གཅིག་ཉུང་དུ་དང་བུད་མེད་ཕལ་ཆེར་གཉིས་ཆ་གཅིག་ཉུང་དུ་འགྲོ་གི་ཡོད། དེ་དང་ཆབས་ཅིག་ཤ་གནད་ཀྱི་སྟོབས་ཤུགས་ཀྱང་ཇེ་ཞན་དུ་ཕྱིན་ནས་མིའི་ལུས་ནུས་བདེ་ཐང་ལ་ཉེན་ཁ་བཟོ་གི་ཡོད། ཤ་གནད་ཉུང་དུ་ཕྱིན་པ་དེས་མིའི་གཟུགས་པོའི་རྨང་གཞིའི་རྙིང་འདོར་ཚབ་ལེན་བྱེད་ཤུགས་ཆག་པ་དང་བསྟུན་ནས་ཚ་ཚད་ཟད་གྲོན་ཉུང་དུ་ཕྱིན་ཏེ། གཟུགས་པོའི་ཚ་ཚད་མང་པོ་དེ་དག་ཤ་ཚིལ་དུ་གྱུར་ནས་ཕུང་གསོག་ཐེབས་ཏེ་རྒྱགས་པ་ཆགས་ཀྱི་ཡོད། སྨན་བཅོས་རིགས་གཅིག་མཁས་ཅན་གྱིས། ཤ་གནད་ཀྱི་སྟོབས་ཤུགས་ཇེ་ཞན་དུ་ཕྱིན་ན། ད་དུང་སྙིང་ལ་ཤུགས་རྐྱེན་ཐེབས་ནས། སྙིང་ཁམས་ཁྲག་རྩའི་ནད་ཐོན་གྱི་ཡོད་ཅེས་བསྟན་པ་རེད།

    གཤམ་ལ་ཤ་གནད་ཀྱི་སྟོབས་ཤུགས་ཚད་ལེན་བྱེད་ཐབས་ཁག་གཅིག་ངོ་སྤྲོད་བྱེད་རྒྱུ་ཡིན་པས། ཁྱེད་ཀྱིས་ལུས་ནུས་བདེ་ཐང་ཡིན་མིན་གཟིགས་དང་།

    1.སྐས་འཛེགས་ཚོད་ལེན་བྱ་ཐབས།

    ཐོག་ཁང་ངམ་ཡང་ན་ལས་ཤག་སོགས་མཐོ་ཚད་ལི་སྨི་20ཙམ་ཟིན་པའི་སྐས་རིམ་ཐོག་བསྟུད་མར་ཐེངས་40འཛེགས་ནས་ཚད་ལེན་བྱེད་དགོས། མྱུར་ཚད་གོམ་པ་བརྒྱབ་པ་ལས་མགྱོགས་དགོས་པ་དང་དུས་ཚོད་སྐར་ཆ་40ནས་50བར་ཡིན། དེ་ནས་རང་ངོས་ཀྱི་ཚོར་སྣང་ལ་བརྟེན་ནས་དཀའ་ལས་ཁག་པོ་ཡོད་མེད་བརྡར་ཤ་གཅོད་དགོས། དཀའ་ལས་ཁག་པོ་མེད་ན་ཤ་གནད་ཀྱི་སྟོབས་ཤུགས་ཡག་མཚོན་པ་དང་། དཀའ་ལས་ཁག་པོ་ཡོད་ན་ཤ་གནད་ཀྱི་སྟོབས་ཤུགས་ཞན་པ་མཚོན་གྱི་ཡོད།

    2.གསུས་ཁོག་ཚོད་ལེན་བྱ་ཐབས།

    ཉལ་ཁྲིའི་སྟེང་དུ་གན་རྐྱལ་དུ་ཉལ་ཏེ་རྐང་པ་བསྐུམས་ནས་ཉལ་ཁྲི་དང་ཏུའུ་90ཆགས་པ་བྱེད་པ་དང་། དེ་ནས་མི་གཞན་རང་ཉིད་ཀྱི་རྐང་པ་གནོན་དུ་བཅུག་སྟེ་རང་ཉིད་ཀྱི་ལག་པ་རྒྱབ་ཏུ་འཇོག་དགོས། གྲུ་མོ་ནང་དུ་བསྐུམས་ནས་ལུས་སྟོད་ཀྲོང་ངེར་བསྡད་དེ་སྐར་ཆ་གསུམ་ཅུའི་ནང་རང་ཉིད་ཀྱིས་ཐེངས་ག་ཚོད་རྩེ་ཐུབ་མིན་བརྩིས་དགོས་ཤིང་། ཐེངས་ག་ཚོད་ཀྱིས་མང་བ་རྩེ་ཐུབ་ན་དེ་ཚོད་ཀྱིས་ཤ་གནད་ཀྱི་ཤུགས་ཡག་པོ་ཡོད་པ་མཚོན་ཐུབ།

    3.གཟུགས་པོ་མདུན་ངོས་སུ་བརྐྱངས་ནས་ཚོད་ལེན་བྱ་ཐབས།

    རྐང་པ་གཉིས་རུབ་རུབ་བྱས་ཏེ་མདུན་དུ་བརྐྱངས་ནས་རྐང་རྩེ་གྱེན་དུ་གཏད་དགོས་པ་དང་། ལུས་སྟོད་འདྲོང་པོར་བསྡད་དེ་ལག་པ་གཉིས་མདུན་དུ་བརྐྱངས་ནས། མཛུབ་མོ་རྐང་རྩེ་ལས་ག་ཚོད་མདུན་དུ་རྐྱོང་ཐུབ་མིན་ལྟ་དགོས་ཤིང་། ག་ཚོད་རྐྱོང་ཐུབ་ན་དེ་ཚོད་ཀྱིས་ཤ་གནད་ཀྱི་ཤུགས་ཡག་པ་མཚོན་ཐུབ།

    4.རྐུབ་སྟེགས་སྟེང་དུ་བསྡད་ནས་ཚོད་ལེན་བྱ་ཐབས།

    རྐུབ་སྟེགས་སྟེང་དུ་བསྡད་ནས་ལག་ངར་བྲང་ཁར་ཐུག་སྟེ། སྒལ་སྟེང་གི་ཤ་གནད་ནར་བའི་རྣམ་པའི་ཐོག་ནས་ཡར་ལངས་པ་དང་དེ་ནས་མར་སྡོད་དགོས། དེ་ལྟར་བྱས་ཏེ་སྐར་ཆ་50ཡི་ནང་ག་ཚོད་རྩེ་ཐུབ་མིན་ལྟ་དགོས།

    【རིགས་གཅིག་མཁས་ཅན་གྱི་དྲན་སྐུལ】

    ཤ་གནད་ཀྱི་ཤུགས་ཞན་དུ་ཕྱིན་པའི་མགྱོགས་ཚད་དང་འགྱུར་ཚད་དུས་ཐོག་ཏུ་སྟངས་འཛིན་བྱ་ཆེད། ཟླ་3མམ་ཡང་ན་ལོ་ཕྱེད་ནང་ཚོད་ལྟ་དེ་འདྲ་ཐེངས་གཅིག་བྱས་ཏེ། དུས་ཐོག་ཏུ་སྦྱོང་བརྡར་བྱ་ཐབས་དང་འཚོ་བ་སྐྱེལ་སྟངས་ལེགས་སྒྲིག་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།