དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-07

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (2020ལོའི་ཟླ་7ཚེས་6ནས་12ཉིན་བར)

    གཟའ་འཁོར་འདིའི་ནང་ཉིང་ཁྲིའི་ཤར་ལྷོའི་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་དུ་ཆར་ཆུ་མང་དུ་འགྲོ་རྒྱུ་དང་།

    གཟའ་འཁོར་འདིའི་ཆ་སྙོམས་ཆར་ཆུ་འབབ་ཚད། མངའ་རིས་སུ་ཅུང་ཉུང་དུ་འགྲོ་རྒྱུ་དང་ས་ཁུལ་གཞན་དག་ལ་འགྱུར་ལྡོག་ཕྱིན་མེད།

    གཟའ་འཁོར་འདིའི་ཆ་སྙོམས་དྲོད་ཚད། མངའ་རིས་དང་ནག་ཆུའི་ནུབ་རྒྱུད་དུ་ཅུང་མཐོ་བ་དང་ས་ཁུལ་གཞན་དག་ལ་འགྱུར་ལྡོག་ཕྱིན་མེད།

    གནམ་གཤིས་འགྱུར་ལྡོག་སོང་བའི་བརྒྱུད་རིམ།

    གཟའ་ཟླ་བ་ནས་གཟའ་མིག་དམར་བར། ཉིང་ཁྲི་དང་གཞིས་རྩེའི་ལྷོ་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ཤང་དང་གྲོང་རྡལ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། ནག་ཆུའི་དབུས་ཤར་རྒྱུད་དང་། ལྷོ་ཁའི་ལྷོ་རྒྱུད། ཆབ་མདོའི་བྱང་རྒྱུད་བཅས་སུ་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཐོལ་ཆར་འབབ་རྒྱུ།

    གཟའ་ལྷག་པ་ནས་གཟའ་པ་སངས་བར། ཉིང་ཁྲི་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ཤང་དང་གྲོང་རྡལ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། ནག་ཆུའི་དབུས་ཤར་རྒྱུད་དང་། གཙང་པོའི་རྒྱུད། ཆབ་མདོ་བཅས་སུ་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཐོལ་ཆར་འབབ་རྒྱུ།

    གཟའ་སྤེན་པ་ནས་གཟའ་ཉི་མ་བར། ཉིང་ཁྲི་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ཤང་དང་གྲོང་རྡལ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། ནག་ཆུའི་དབུས་ཤར་རྒྱུད་དང་། གཙང་པོའི་རྒྱུད། ཆབ་མདོའི་བྱང་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུའམ་ཡང་ན་འབྲུག་ཆར་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཐོལ་ཆར་འབབ་རྒྱུ།

    གཉིས། གྲོས་འགོ

    གཅིག གཟའ་འཁོར་འདིའི་ནང་ཆར་ཆུ་མང་བས་ཤྭ་འོད་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ས་གཤིས་ཀྱི་གནོད་འཚེ་ཐོན་ཉེན་ཆེ་བས་ཆུ་དཔྱད་དང་སྔོན་འགོག་ལས་དོན་ཡག་པོ་སྒྲུབ་དགོས།

    གཉིས། ཕྱི་དྲོ་ནས་ས་སྲོས་བར་གློག་དམར་འཁྱུག་པ་དང་སེར་བ་བབས་པ་སོགས་དུས་ཐུང་གི་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་བསྟན་སླ་བས་འགོག་ཟོན་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།