དབུ་ཤོག>གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས《སྲོལ་ཡིག》སྒྲོག་འགྲེལ་དང་སློབ་སྦྱོང་གཏིང་ཟབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-03

     ཉེ་ཆར། ལྷུན་རྩེ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཤང་དང་གྲོང་རྡལ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པར་མི་དམངས་འཐུས་མི་ཚོགས་ཆེན་འཚོགས་པ་དང་བསྟུན་ནས། “རང་ཉིད་ནས་འགོ་བཙུགས་ཏེ་མི་རིགས་མཐུན་སྒྲིལ་དོན་གཉེར་བྱེད་པའི”བྱེད་སྒོའི་དུས་འགོའི་གྲ་སྒྲིག་དུས་མཚམས་ཀྱི་སློབ་སྦྱོང་ལས་འགན་དོན་འཁྱོལ་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཤང་དང་གྲོང་རྡལ་ཁག་གིས་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ནང་། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)སློབ་སྦྱོང་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་འབྲེལ། “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་བྱེད་རྒྱུའི”སྐོར་གྱི་ལྷུན་རྩེ་རྫོང་གི་འབྲེལ་ཡོད་བྱེད་སྒོ་དང་ཟུང་འབྲེལ་གང་ལེགས་བྱས་ཏེ། ཤང་དང་གྲོང་རྡལ་རིམ་པའི་འཐུས་མི་སྒྲིག་འཛུཌ་བྱས་ནས“རང་ཉིད་ནས་འགོ་བཙུཌ་ཏེ་མི་རིཌ་མཐུན་སྒྲིལ་དོན་གཉེར་བྱེད་པའི”སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དང་། 《སྲོལ་ཡིག》ལ་ཕྱོཌ་ཡོངས་ནས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།

    ད་ཐེངས་ཀྱི་སྒྲོག་འགྲེལ་དང་སློབ་སྦྱོང་བྱེད་སྒོ་བརྒྱུད། 《སྲོལ་ཡིག》དེ་བས་མི་སེམས་སུ་ཟུག་ནས་མི་ཚང་མས་མི་རིཌ་མཐུན་སྒྲིལ་ལ་དོ་ཁུར་དང་། བསམ་ཤེས། རྒྱབ་སྐྱོར་བཅས་བྱེད་པའི་རྣམ་པ་ཟབ་མོ་བཏོད་པ་དང་ཆབས་ཅིག གོམ་སྟབས་རྗེས་མའི་བྱེད་སྒོར་རྨང་གཞི་བཟང་པོ་ཞིག་བཏིང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།