ཉེ་ཆར། ནག་ཆུ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱིས་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་བྱས་ཏེ། ཀྲེ་ཅང་ཚོང་གྲོང་གི་སྒོ་འགྲམ་དུ་དྲིལ་བསྒྲཌ་ས་ཚིཌ་བཙུགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། ལས་དོན་མི་སྣས་འགྲོ་འོང་བྱེད་མཁན་མང་ཚོགས་དང་ཉེ་འཁོར་གྱི་ཚོང་དུད་ལ་ཏང་གི་མི་རིགས་སྲིད་ཇུས་དང་། 《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》 《གྲོང་ཁྱེར་གྱི་མི་རིགས་ལས་དོན་སྲོལ་ཡིག》 《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》 དེ་བཞིན་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་ཤེས་བྱ་བཅས་དྲིལ་བསྒྲགས་བྱས་པ་རེད།
ད་རེས་ཀྱི་བྱེད་སྒོའི་ནང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་ཁག་300ལྷག་ཙམ་དང་། དྲིལ་བསྒྲགས་དེབ་ཆུང་200 དྲིལ་བསྒྲགས་ལྟོ་ཕད་200ལྷག་ཙམ་སྤྲད་པ་རེད། ནག་ཆུ་གྲོང་ཁྱེར་གྱིས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། མི་རིགས་ཁག་གི་མང་ཚོགས་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་བཏང་བ་མ་ཟད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོཌ་ཀྱི་རྒྱལ་ཁབ་དང་། སྤྱི་དམངས། བཅའ་ཁྲིམས། མི་རིགས་མཐུན་སྒྲིལ་བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་བཏོད་པ་རེད།