མི་རིགས་མང་པོ་འདུས་སྡོད་ཁུལ་ཡིན་པའི་སྣང་རྫོང་དུ་མི་ཁྲི་1.98ཡོད་ཅིང་། འདི་གར་རྒྱ་རིགས་དང་། བོད་རིགས། ཧུད་རིགས་སོགས་ཚང་མ་ཞི་མཐུན་གཉམ་གནས་དང་ཐུན་མོང་ཐོག་གོང་འཕེལ་ཕྱུག་འགྱུར་ཡོང་བཞིན་ཡོད།
མི་རིགས་མཐུན་སྒྲིལ་འཛུགས་གཏོད་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་བ།
སྣང་རྫོང་གིས་རྫོང་ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་དང་། རྫོང་དཔོན་གྱིས་རྒྱུན་ལས་ཙུའུ་ཀྲང་གཞོན་པ་བྱེད་པའི་འཛུགས་གཏོད་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་དུས་ཐོག་ཏུ་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་བ་དང་། འགོ་ཁྲིད་གཙོ་བོས་འགོ་ཁྲིད་པ། རྫོང་ཡོངས་སུ་གོང་འོག་ཚང་མས་སེམས་རྩ་འཁོལ་པོས་ཞུགས་པ། ཕན་ཚུན་གཞོགས་འདེགས་བྱེད་པ། ཐུན་མོང་ཐོག་འཛུགས་གཏོད་བྱེད་པ་བཅས་ཀྱི་ལམ་ཀའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
སྣང་རྫོང་གིས《སྣང་རྫོང་གི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དཔེ་བཟང་རྫོང་འཛུགས་གཏོད་བྱེད་པའི་བྱེད་སྒོའི་ཇུས་གཞི》དང་། 《སྣང་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་རྫོང་འཛུགས་གཏོད་བྱེད་པའི་ལས་དོན་དཔྱད་ཞིབ་བྱ་ཐབས(ཚོད་ལྟའི་ལག་ལེན)》སོགས་ལྷན་སྦྱར་ཡིག་ཆ་4སྔ་རྗེས་སུ་བཀྲམ་སྟེ། འཛུགས་གཏོད་ཀྱི་ལས་འགན་ཞིབ་ཚགས་སུ་བཏང་བ་དང་ལས་ཀའི་འགན་འཁྲི་ཁ་གསལ་བཟོས་ནས་འཛུགས་གཏོད་ལས་དོན་སྤེལ་བར་རྨང་གཞི་བརྟན་པོ་བཏིང་བ་རེད།
སྣང་རྫོང་གིས་ལོ་ལྟར་འཛུགས་གཏོད་ཀྱི་གྲོན་དངུལ་ལོ་འགོའི་ནོར་སྲིད་སྔོན་རྩིས་ནང་འཇུག་རྒྱུ་མཐའ་འཁྱོངས་བྱས་ཤིང་། 2014ལོ་ཚུན་དུ་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་292.22བཏང་སྟེ་མི་རིགས་མཐུན་སྒྲིལ་འཛུགས་གཏོད་ལས་དོན་ལ་མ་དངུལ་འགན་ལེན་བྱས་པ་རེད།
མི་རིགས་མཐུན་སྒྲིལ་འཛུགས་གཏོད་བྱེད་སྒོའི་རྣམ་པ་ཟབ་པ།
སྣང་རྫོང་གི་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྲོང་ཚོ(གྲོང་ལྷན)དང་། སློབ་གྲྭ དཔུང་སྡེ། དགོན་སྡེ་བཅས་ཀྱི་དྲིལ་བསྒྲགས་ལས་དོན་གྱི་ནང་དོན་གཙོ་བོའི་ནང་བཅུག་པ་དང་། དྲ་རྒྱ་དང་། སྨྱན་སྦྱོར། སྐད་འཕྲིན། ལག་ཐོགས་ཁ་པར་གྱི་ཚགས་པར་སོགས་ཀྱི་ལས་སྟེགས་བརྒྱུད། རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཡི་གེ་བསྐུར་བ་དང་། དྲིལ་བསྒྲགས་བྱེད་སྒོ་ཐེངས་200ལྷག་ཙམ་སྤེལ་བ། དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་ཁྲི་1.5ལྷག་ཙམ་སྤྲད་པས་མི་ཁྲི་6.5ལྷག་ཙམ་ལ་ཕན་པ་ཐོབ་པ་རེད། གཞན་ཡང་མི་རིགས་ཁག་གི་མང་ཚོགས་ལ་སྤུན་ཉེ་འཆམ་མཐུན་དང་ལྟ་རེས་སྐྱོང་རེས་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱས་ཏེ་མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོའི་བརྗོད་དོན་གཙོ་བོ་སྔར་བས་གཏིང་ཟབ་ཏུ་བཏང་བ་རེད།
སྣང་རྫོང་གིས“3·28”དང་། “ལྔ་གཅིག” “དྲུག་གཅིག” “བདུན་གཅིག” “བརྒྱད་གཅིག”“བཅུ་པའི་ཚེས་གཅིག” “མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཟླ་བ”སོགས་སུ་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་བ་རེད།
མི་རིགས་མཐུན་སྒྲིལ་འཛུགས་གཏོད་ལས་དོན་གྱི་ཕྱོགས་སྟོན་ཁ་གསལ་བ།
སྣང་རྫོང་གིས་ལོ་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་དང་མི་རིགས་མཐུན་སྒྲིལ་འཛུགས་གཏོད་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་རེ་འཚོག་རྒྱུ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་བྱ་བ་བགྲངས་ནས་མང་ཚོགས་ལ་སློབ་གསོ་གཏོང་བ་དང་། མི་སེམས་འགུག་པ། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་པ་རེད། དགའ་ལྡན་རབ་བརྟན་དགོན་སྡེ་དོ་དམ་ཨུ་ལྷན་དང་། གྲོང་མདའ་གྲོང་རྡལ་མི་དམངས་སྲིད་གཞུང་། ཀྲུང་གུང་སྣང་རྫོང་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་བཅས་ལ་སྔ་རྗེས་སུ་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཚན་པའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།
སྣང་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུཌ་གཏོད་བྱེད་སྒོ་ལས་ཁུངས་དང་། ཤང་དང་གྲོང་རྡལ། གྲོང་ཚོ(གྲོང་ལྷན) སློབ་གྲྭ དགོན་སྡེ། དཔུང་སྡེ། ཁེ་ལས། མཛེས་ལྗོངས་ཁུལ། ཁྱིམ་ཚང་བཅས་སུ་སྤེལ་བ་དང་། རྫོང་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཉིས་གཏན་འཁེལ་བྱས་པ་རེད། དེ་དང་དུས་མཚུངས།“ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་829ཡིས་དཀའ་ངལ་ཡོད་པའི་མང་ཚོཌ་དང་ཆ་སྒྲིག་གཉེན་འཚོལ་བྱས་པས་ཏང་ཡོན་དང་མང་ཚོཌ་ཀྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་རེད། སློབ་གྲྭའི“བོད་རྒྱ་འཛིན་གྲྭ་གཅིག”དང་མི་རིཌ་ཁག་གི་དགེ་སློབ་དབར“ཆ་སྒྲིག་རོགས་སྒྲིག”བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། བོད་རྒྱ“སྐད་གཉིས”སློབ་སྦྱོང་བྱེད་རྒྱུ་གཏིང་ཟབ་ཏུ་གཏོང་བ། མི་རིགས་ཁག་གི་དགེ་སློབ་དབར་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཉམ་དུ་འཚར་ལོངས་དང་མཉམ་དུ་ཡར་རྒྱས་ཡོང་བར་བྱས་པ་རེད།
སྣང་རྫོང་གིས་ཀུན་སྤྱོད་དཔེ་བཟང་དང“མི་སྣ་ཡག་ཤོས”དཔྱད་འདེམས་བྱེད་པའི་བྱེད་སྒོ་ཐེངས་གཉིས་སྤེལ་ཏེ། ཀུན་སྤྱོད་དཔེ་བཟང་བ་16དང་། “མི་སྣ་ཡག་ཤོས”11བདམས་ནས་གཟེངས་བསྟོད་བྱས་ཤིང་། མི་5ལ་རང་སྐྱོང་ལྗོངས་རིམ་པའི“ཀུན་སྤྱོད་དཔེ་བཟང”དང“མི་སྣ་ཡག་ཤོས”ཀྱི་མཚན་སྙན་ཐོབ་པས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་མིག་དཔེ་བཟང་པོ་བསྟན་པ་མ་ཟད། སྔོན་ཐོན་ལ་སློབ་སྦྱོང་དང་། དཔེ་བཟང་ལ་སློབ་སྦྱོང་། མཐུན་སྒྲིལ་ལ་སྣང་ཆེན། མཐུན་སྒྲིལ་ལ་སྐུལ་འདེད་བཅས་བྱེད་པའི་མི་རིཌ་ཁག་གི་མང་ཚོཌ་ཀྱི་རང་རྟོཌ་རང་བཞིན་དང་རང་འགུལ་རང་བཞིན་ཡང་སྔར་བས་ཆེ་རུ་ཕྱིན་པ་རེད།