དབུ་ཤོག>གསར་འགྱུར།
  • དཔེ་སྟོན་གླིང་དུ་འབབ་འཕར་འབྲས་བཟང་སྨིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-01

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་གི“འོད་སྐུད+སྣོད་བཅུད་སྒྲིག་བཀོད་ཞིང་ལས”དབུལ་སྐྱོར་ཐོན་ལས་དཔེ་སྟོན་གླིང་དུ་ནས་ལས་སྣོན་དང་། སྡོང་ཕྲུག་འདེབས་གསོ། ལུག་རྒྱགས་གསོ། དྲོད་ཁང་འདེབས་གསོ་སོགས་ཀྱི་ཐོན་ལས་གཞི་གཅིག་ཏུ་བསྡུས་ཡོད། དེ་ནི་ས་གནས་དེ་གའི་ཐོན་ལས་གཞན་སྒྱུར་རིམ་སྤོར་དང་། གཅིག་སྡུད་འཕེལ་རྒྱས་མངོན་འགྱུར། དབུལ་སྒྲོལ་འགག་སྒྲོལ་འདེགས་སྐྱོར་བཅས་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་རེད། མིག་སྔར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་དང་། ནགས་ལས་རྩྭ་ཐང་། ཇོ་མོ་གླང་མའི་གྲོང་ཁྱེར་མ་འཇོག་ཚོགས་པ་ཀུང་སི་སོགས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ། གཅིག་ནས་སྔར་ཡོད་ཀྱི་རྨང་གཞིའི་ཐོག་དེང་རབས་ཀྱི་སྒྲིག་བཀོད་ཞིང་ལས་དང་སོས་དལ་ཡུལ་སྐོར་ལྟ་སྐོར་སྔར་བས་མངོན་གསལ་དོད་དུ་གཏོང་བ། གཉིས་ནས“འོད་སྐུད+”ལ་འདང་ངེས་ཀྱི་བར་མཐོངས་བཞག་ནས། འཆར་འགོད་ཇུས་བཀོད་དང་འཁོར་རྒྱུག་དོ་དམ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་ཏེ་གླིང་དེ་ཉིད་གཞིས་རྩེའི་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཆེ་ཤོས་སུ་བསྐྲུན་རྩིས་ཡོད་ཅིང་། འདི་ནི་དཔེ་སྟོན་གླིང་དུ་ལས་མིས་འབྲི་ཏ་ས་འཛིན་འཐུ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།