དབུ་ཤོག>གསར་འགྱུར།
  • ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-06-30

    ཟླ་6ཚེས་21ཉིན་གྱི་དགོང་མོ་ནས་ཚེས་22ཉིན་གྱི་ཉིན་མོའི་བར། ཁྲུང་ཆིང་ཆིས་ཅང་གི་ས་ཁུལ་ཁག་ལ་དྲག་ཆར་བབས་ནས་ཟླ་6ཚེས་22ཉིན་ཆིས་ཅང་ཆུ་བོའི་ཆུ་ཁ་གཏན་འཁེལ་གྱི་ཚད་གཞི་ལས་བརྒལ་ཡོད་པ་རེད། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་ཆེད། ཆིས་ཅང་ཆུས་ཀྱིས་ས་བབ་དམའ་སར་སྡོད་མཁན་མང་ཚོགས་འཕྲལ་མར་གནས་སྤོ་བྱས་ཤིང་། ད་བར་ཆིས་ཅང་ཆུས་ཡོངས་ཀྱི་མང་ཚོགས་ཁྲི་4ལྷག་ཙམ་ལ་གནོད་འཚེ་ཕོག་པ་དང་། མི་ཁྲི་10ལྷག་ཙམ་ཛ་དྲག་གནས་སྤོ་བྱས་ཤིང་། མི་29000ལྷག་ཙམ་ཁ་བཀྲམ་ནས་བཀོད་སྒྲིག་བྱས་པ་རེད། འདི་ནི་ཉེ་ཆར་ཁྲུང་ཆིང་གྲོང་ཁྱེར་ཆིས་ཅང་ཆུས་ཚའེ་པ་སྡེ་ཁུལ་གྱི་ཁུལ་ཆུང་ཁག་གཅིག་ལ་ཆར་ཆུ་ཚབས་ཆེན་འཁྱིལ་བར་བརྟེན་རོགས་སྐྱོབ་རུ་མིས་དཀའ་ངལ་འཕྲད་པའི་མང་ཚོགས་གནས་སྤོ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།