འདི་ནི་རིམས་འགོག་དངོས་རྫས་བྱུར་བུར་བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཧྥ་རན་སེའི་ཕ་རི་སིའི་ཤར་ལྷོའི་འདབས་ཀྱི་ཝ་ལང་ཐུང་ལ་འབྱོར་བ།
ཉིན་19ཡི་རིང་སྤྱི་ལེ་ཁྲི་ཡན་བརྒལ་ཏེ་རིམས་འགོག་དངོས་རྫས་བྱུར་བུར་བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཚེས་23ཉིན་ཧྥ་རན་སེའི་ཕ་རི་སིར་འབྱོར་ཞིང་། ཐེངས་འདིའི་དུས་གཏན་མེ་འཁོར་ནི་རིམས་འགོག་དངོས་རྫས་བླུགས་པའི་ཀྲུང་གོ་དང་ཧྥ་རན་སེའི་མེ་འཁོར་ཐོག་མ་དེ་ཡིན་པའི་ནང་ཁ་རས་དང་། ལག་ཤུབས། རེག་མི་དགོས་པའི་དུག་སེལ་སྨན་ཆུའི་འཕྲུལ་ཆས་སོགས་ཐོན་རྫས་ཡོད་པར་ཡོ་སྒོར་ཁྲི་1000རི་ཡི་ཡོད།