དབུ་ཤོག
  • ལམ་དེ་ནས་མོ་ཊ་གཞོགས་གཅིག་ལ་མ་གཏོགས་གཏོང་ཆོག་གི་མི་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-23

    ལྷ་ས་གྲོང་ཁྱེར་གླིང་སྐོར་ཤར་ལམ་གྱི་ཨར་པོ་རྒྱག་སའི་ལམ་དུམ་ལ་མོ་ཊ་གཞོགས་གཅིག་ནས་གཏོང་དགོས་པའི་སྐོར་གྱི་སྤྱི་བསྒྲགས། 

      ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་དྲ་བའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་མིའི་ཆུ་སྤྱོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ། རིག་ལྡན་རྣམ་པའི་ཆུ་དོན་གྲོང་ཁྱེར་འཛུགས་སྐྲུན་བཅས་བྱ་ཆེད། ད་ལྟ་ལྷ་ས་གྲོང་ཁྱེར་གྱི་ས་འོག་མདོང་དྲ་སྒྱུར་བཀོད་དང་རིག་ལྡན་ཆུ་དོན་གྱི་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་རྒྱུ་རེད། དེ་བཞིན་འགྲོ་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་དང་། གོ་རིམ་ལྡན་པ། འགྲོ་ལམ་ཤར་གཏོང་། ཨར་སྐྲུན་གྱི་དགོས་མཁོ་བཅས་ལ་འགན་ལེན་ཐུབ་ཆེད། འབྲེལ་ཡོད་ལམ་དུམ་དུ་མོ་ཊ་གཞོགས་གཅིག་ནས་གཏོང་དགོས་པས། འབྲེལ་ཡོད་དོན་ཚན་གྱི་སྤྱི་བསྒྲགས་གཤམ་གསལ་ཏེ། 

    དུས་ཚོད། 2020ལོའི་ཟླ་6ཚེས་22ཉིན་ནས་ཟླ་7ཚེས་1ཉིན་བར། 

    ལམ་ཐིག (པེ་ཅིང་ཤར་ལམ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ལམ་མདོ་ནས་ཅང་སུའུ་ལམ་ལྷ་ས་གྲོང་ཨུད་ཀྱི་ལམ་མདོ་བར) 

    གཞོགས་གཅིག་ནས་འགྲོ་བའི་ཁ་ཕྱོགས། ལམ་དུམ་དེ་ནས་མོ་ཊ་ཚང་མ་ལྷོ་ནས་བྱང་དུ་གཏོང་དགོས་པ་ལས་བྱང་ནས་ལྷོར་གཏོང་མི་ཆོག 

    ཤ་ཚའི་དྲན་སྐུལ། 

      རྒྱ་ཆེའི་ཁ་ལོ་བ་ཚོས་ལས་ཡུལ་དངོས་ཀྱི་ལས་དོན་མི་སྣའི་བཀོད་འདོམས་དང་མཚོན་རྟགས་གཞིར་བཟུང་མོ་ཊ་གཏོང་དགོས། གལ་ཏེ་ཁྱེད་ལ་སྟབས་མི་བདེ་བ་བྱུང་ཚེ། དགོངས་བཞེས་ཡོད་པར་མཁྱེན།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག

      2020ལོའི་ཟླ་6ཚེས་21ཉིན།


    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།