སྡོད་ཁང་སྤྱི་གསོག་མ་དངུལ་སྐྱེལ་མཁན་གྱི་ཚན་པ་ཁག་དང་ལས་བཟོ་བ་རྣམ་ལ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི《སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་སྲོལ་ཡིག་གི་གཏན་འབེབས》གཞིར་བཟུང་། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལོ་འཁོར་གྱི་སྐྱེད་ཀ་བསྡོམས་རྩིས་རྒྱག་པའི་ལས་དོན་བདེ་བླག་ངང་སྤེལ་ཐུབ་པ་བྱ་ཆེད། རང་ལྗོངས་ཀྱི་མ་དངུལ་དོ་དམ་ལྟེ་གནས་ཁག་གིས་2020ལོའི་ཟླ་6ཚེས་23ཉིན་ནས་ཟླ་7ཚེས་6ཉིན་བར་ལོ་འཁོར་གྱི་སྐྱེད་ཀ་བསྡོམས་རྩིས་རྒྱག་པའི་ལས་དོན་རིམ་པས་སྤེལ་རྩིས་ཡོད་པས། སྐབས་དེར་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལས་སྒོ་གཉེར་མཚམས་འཇོག་རྒྱུ་ཡིན་ལ། བོད་ལྗོངས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དྲ་ཐོག་ལས་གཉེར་ཁང་དང་། ལག་ཐོགས་ཁ་པར་གྱི་APP སྐད་འཕྲིན་སྤྱི་རྟགས་བཅས་ནས་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་སྐྱེལ་གསོག་དང་དངུལ་བུན་གཡར་འཇལ་གྱི་ཟིན་ཐོ་སོགས་ཀྱི་ཆ་འཕྲིན་འདྲི་རྩད་བྱེད་ཐུབ་པ་ལས་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པ་དང་། དངུལ་བུན་གཡར་བ། དཔྱད་གཞི་བསྡུ་ལེན་བཅས་ཀྱི་ལས་སྒོ་གཉེར་ཐུབ་ཀྱི་མེད། དེས་རྐྱེན་པས་ཁྱེད་ལ་སྟབས་མི་བདེ་བ་བྱུང་ཚེ་དགོངས་བཞེས་ཡོད་པར་ཞུ།
2020ལོའི་ཟླ་6ཚེས་22ཉིན།