དབུ་ཤོག>གསར་འགྱུར།
  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་གོ་རིམ་ལྟར་ཉིང་སྐྱུར་བརྟག་དཔྱད་སྨན་བཅོས་འགན་བཅོལ་ནང་འཇུག་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-06-22

     ཉེ་ཆར་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་གཞུང་དོན་ཁང་གིས《ཏོག་དབྱིབས་ནད་དུག་གསར་པའི་བརྟག་དཔྱད་ནུས་པ་སྔར་བས་ཆེ་རུ་གཏོང་བའི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ཏོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀའི་དགོས་མཁོ་དང་ས་ཁུལ་དེ་རང་གི་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་གཏོང་སྤྲོད་ནུས་པ་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཐོག་བསམ་བློ་གཏོང་བའི་རྨང་གཞིའི་ཐོག་གོ་རིམ་ལྟར་ཏོག་དབྱིབས་ནད་དུག་གསར་པར་དམིགས་པའི་ཉིང་སྐྱུར་དང་དུག་སྲིན་འགོག་རྫས་བརྟག་དཔྱད་ཀྱི་རྣམ་གྲངས་དང་འབྲེལ་ཡོད་གྲོན་རྫས་བཅས་ཞིང་ཆེན་རིམ་པའི་སྨན་བཅོས་འགན་བཅོལ་གྱི་ནད་བརྟག་སྨན་བཅོས་ཀྱི་རྣམ་གྲངས་དཀར་ཆག་ནང་འཇུག་རྒྱུ་དང་འབྲེལ་དུས་གཅིག་ཏུ་གཏོང་སྤྲོད་ཆ་རྐྱེན་གཏན་འཁེལ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།

    《བརྡ་ཐོའི》ནང་ཏོག་དབྱིབས་ནད་དུག་གསར་པའི་བརྟག་དཔྱད་ཚོད་སྨན་སྤྱིར་ན་དྲ་ཐོག་ཡོངས་བསྒྲགས་ཐོག་ཉོ་སྒྲུབ་བྱེད་དགོས་པ་དང་། གཅིག་སྡུད་ཐོག་ཉོ་སྒྲུབ་བྱ་རྒྱུའི་སྐུལ་ལྕག་བྱ་རྒྱུ་དང་། གཞུང་བཙུགས་སྨན་བཅོས་སྒྲིག་གཞིས་རང་གནས་སའི་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་སྨན་རྫས་དང་ཡོ་ཆས་གཅིག་སྡུད་ཉོ་སྒྲུབ་ལས་སྟེགས་ནས་ཏོག་དབྱིབས་ནད་དུག་གསར་པའི་བརྟག་དཔྱད་ཚོད་སྨན་ཡོངས་བསྒྲགས་ཐོག་ཉོ་དགོས་ཞེས་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།