འདི་ནི་རྟེན་གཞིའི་ལས་དོན་པས་རླམ་རྩྭ་ཕོ་སུལ་དབྱེ་འབྱེད་བྱེད་བཞིན་པ།
སྙེ་མོ་རྫོང་དེང་རབས་ཞིང་ལས་མཐོ་གསར་ལག་རྩལ་དཔེ་སྟོན་གླིང་སྙེ་མོ་རྫོང་བཟའ་བཅའི(སྨན་རྫས)ཤ་མོ་བཟོ་གྲྭ་ཅན་གྱི་འདེབས་འཛུགས་རྟེན་གཞི་ནི་རང་ལྗོངས་སུ་རླམ་རྩྭ་ཕོ་སུལ་འདེབས་མཁན་གྱི་བཟོ་གྲྭ་གཅིག་པུ་དེ་ཡིན་པ་རེད། རྣམ་གྲངས་དེ་2018ལོའི་ཟླ་དགུ་པར་ལས་གཉེར་བྱེད་འགོ་བཙུགས་པ་ནས་བཟུང་། ད་བར་རླམ་རྩྭ་ཕོ་སུལ་སོགས་ཤ་མོ་སྣེ་ཁ་མང་པོ་འདེབས་ཀྱི་ཡོད་པ་དང་། རྟེན་གཞིས་ལོར་ཤ་མོ་རྒྱ་མ་ཁྲི་130ཐོན་སྐྱེད་བྱས་པར་ཐོན་སྐྱེད་རིན་ཐང་སྒོར་ཁྲི་410ཟིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྟེན་གཞི་དེས་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་86ལས་ཞུགས་བྱ་རྒྱུར་སྣེ་ཁྲིད་བྱས་ནས་ཟླ་རེར་གླ་ཕོགས་སྒོར་3000སྤྲད་པ་མ་ཟད། ངལ་རྩོལ་ནུས་ཤུགས་མེད་པའི་མང་ཚོགས་26ལ་བགོ་འགྲེམས་ཀྱང་བརྒྱབ་ཡོད།