དབུ་ཤོག
 • ཆང་རག་བཏུངས་པའི་སྐྱོན།

 • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-22

  1.གཅིན་སྙི་ཟགས་ཁུའི་ནད་པས་ཆང་རག་བཏུངས་ན་གནོད་པ་ཆེན་པོ་ཡོད།

  མི་ལ་ལས་ཆང་རག་ཉུང་ཙམ་བཏུངས་ནས་ཟ་མ་བཟས་ན་བཟའ་བཏུང་ཚོད་འཛིན་ལ་ཕན་ཐོགས་ཡོད་པའི་ངོས་འཛིན་བྱེད་པ་དེ་ནོར་འཁྲུལ་ཞིག་རེད། ཡང་ལ་ལས་ཆང་རག་ཉུང་ཙམ་བཏུངས་ན། ཁྲག་འཁོར་རྒྱུག་ལ་ཕན་ཐོགས་ཡོད་པ་དང་གཅིན་སྙི་ཟགས་ཁུའི་ནད་པའི་ཁྲག་རྩའི་ནད་ཡང་དུ་གཏོང་རྒྱུར་ཕན་ཐོགས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ངོས་འཛིན་དེ་རིགས་ལ་རྒྱུ་མཚན་ངེས་ཅན་ཡོད་ཀྱང་སྤྱི་ཡོངས་ནས་བལྟས་ན་ཨ་རག་ཉིང་ཁུས་གཅིན་སྙི་ཟགས་ཁུའི་ནད་པར་གནོད་པ་ལས་ཕན་པ་མེད།

  ཨ་རག་ཉིང་ཁུས་ནད་པའི་ཁྲག་མངར་མང་དུ་འགྲོ་གི་ཡོད། གང་ཡིན་ཞེ་ན། ཨ་རག་ཉིང་ཁུ་ལས་ཐོན་པའི་ནུས་པ་དེ་ཁྲག་མངར་ལ་འགྱུར་མི་ཐུབ་པར་མང་ཆེ་བ་ཚ་ནུས་ལ་གྱུར་བས་ཡིན། གཞན་ཡང་ཨ་རག་ཉིང་ཁུ་ལས་ཐོན་པའི་ཁྲག་མངར་དམའ་བ་དེ་རྒྱུན་དུ་ནད་གཞན་ལ་ནོར་ཉེན་ཆེ་བར་བརྟེན་ཉེན་ཁ་ཧ་ཅང་ཆེན་པོ་ཡོད།

  ཆང་རག་བཏུངས་ན་ཁྲག་ཚིལ་ཚོད་འཛིན་བྱ་རྒྱུར་ཕན་ཐོགས་མེད་པར། མཆིན་པའི་ཁུར་བུ་ལྕི་རུ་འགྲོ་བ་དང་ཡུན་རིང་ཆང་རག་བཏུངས་ན། མཆིན་ཚིལ་གྱི་ནད་དང་མཆིན་པ་མཁྲེགས་པོ་ཆགས་སྲིད།

  གོང་གསལ་གནས་ཚུལ་ནས་བལྟས་ན། ཆང་རག་བཏུངས་ན་ནད་པར་ཕན་ཐོགས་མེད་པས། གཅིན་སྙི་ཟགས་ཁུའི་ནད་པས་ཆང་རག་འཐུང་མི་རུང་།

  2.ཐ་མག་དང་ཆང་རག་མཉམ་དུ་སྤྱད་ན་གནོད་པ་ཆེན་པོ་ཡོད།

  ཐ་མག་མང་པོ་འཐེན་མཁན་གྱིས་རྒྱུན་དུ་ཆང་རག་འཐུང་རྒྱུར་དགའ་པོ་བྱེད་ཀྱི་ཡོད། ཚོད་ལྟ་བྱས་པ་བརྒྱུད། ཁྲག་རྒྱུན་ནང་ཨ་རག་ཉིང་ཁུའི་གར་ཚད་དེ། ཐ་མག་གི་བ་ཚྭས་གཅོག་གི་ཡོད། དེར་བརྟེན་ཐ་མག་འཐེན་མཁན་དང་ཐ་མག་མི་འཐེན་མཁན་བསྡུར་ན། ཐ་མག་འཐེན་མཁན་ཆང་རག་ཤེད་ཆེ་བ་ཡོད་པ་ར་སྤྲོད་ཐུབ་ཡོད།

  ཐ་མག་གི་བ་ཚྭ་དང་ཨ་རག་ཉིང་ཁུ་མཉམ་དུ་སྤྱད་ན་གཟུཌ་གཞི་བདེ་ཐང་ལ་དེ་བས་གནོད་པ་ཆེན་པོ་ཡོད། ཐ་མག་གི་བ་ཚྭས་ཨ་རག་ཉིང་ཁུའི་གར་ཚད་གཅོག་ཐུབ་ཀྱང་། ཨ་རག་ཉིང་ཁུ་ལས་ཐོན་པའི་ཉིང་ཁུ་ཁ་པས་མིའི་ཀླད་པ་དང་། མཆིན་པ། སྙིང་བཅས་དང་དེ་བཞིན་དབང་པོ་གཞན་ལ་གནོད་འཚེ་བཟོ་གི་ཡོད།

  3.ཆང་རག་མང་པོ་བཏུངས་ན་སྐྱེས་པའི་འཁྲིག་སྤྱོད་ཀྱི་ནུས་པར་སྐྱོན་རྒྱག་གི་ཡོད།

  ཆང་རག་བཏུངས་ན་ཕོ་མོའི་འཁྲིག་སྤྱོད་ཀྱི་འབྲེལ་བར་ཤུཌ་རྐྱེན་བཟོ་བ་དང་ཆང་རག་བཏུངས་བའི་འདོད་ཆཌ་དེ་ཆང་རག་འཐུང་ཡུལ་དང་ཆང་རག་མང་ཉུང་དང་འབྲེལ་བ་ཡོད། ཆང་རག་ཉུང་ཙམ་བཏུངས་ན་བསམ་བློ་འཁོར་མི་ཐུབ་པ་དང་ཆང་རག་མང་པོ་བཏུངས་ན་ཕོ་མོའི་འཁྲིག་སྤྱོད་ཀྱི་འབྲེལ་བར་གནོད་པ་ཆེན་པོ་ཡོད།

  དུས་ཡུན་རིང་པོ་ཆང་རག་ཚོད་མེད་བཏུངས་ན། སྐྱེས་པའི་འཁྲིག་སྤྱོད་ཀྱི་ནུས་པར་སྐྱོན་ཆེན་པོ་ཡོད་པ་མ་ཟད། ལྷག་པར་དུ་སྐྱུར་ཆང་གིས་ནུས་པ་ཉམས་པ་དང་ཚབས་ལྕི་བར་འཁྲིག་སྤྱོད་ཀྱི་ནུས་པའང་ཤོར་གྱི་ཡོད། ཞིབ་འཇུག་ལས། ཨ་རག་ཉིང་ཁུས་སྐྱེ་འཕེལ་མ་ལག་ལ་ཐད་ཀར་ནུས་པ་ཐོན་ནས་རླིག་རིལ་འཚར་ཚད་འགོར་དུ་འགྲོ་བ་དང་སྐྱེས་པའི་སྐུལ་རྩི་ཉུང་དུ་འགྲོ་བ་དང་བུད་མེད་ཀྱི་སྐུལ་རྩི་མང་དུ་ཕྱིན་ནས་ཁམས་དཀར་འཕེལ་བའི་མྱུར་ཚད་དང་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པ་གསལ་བཤད་ཐུབ་ཡོད། དེར་བརྟེན་ཆང་རག་ཚོད་མེད་བཏུངས་ན་འཁྲིག་སྤྱོད་ཀྱི་ནུས་པར་སྐྱོན་རྒྱག་པ་དང་ལྷག་པར་དུ་རོ་ཙ་ཉམས་པའི་ནད་གཞི་ཡོད་པའི་སྐྱེས་པ་ཚོས་ཆང་རག་བཏུངས་ན་འཁྲིག་སྤྱོད་ནུས་པ་སླར་གསོ་བྱ་རྒྱུར་གནོད་པ་ཆེན་པོ་ཡོད་པ་གསལ་པོ་ཤེས་པ་བྱེད་དགོས། 

  འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།