དབུ་ཤོག
  • ལས་གནས་མང་པོ་འདི་འདྲ་འདུག ཁྱེད་ལ་འཚམ་པ་འདུག་གམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-19

    “ལས་ཞུགས་བརྟན་པོ”ཡོང་བའི་ལས་ཀའི་སྤྱི་ཡོངས་ལ་དམིགས་པ་དང་། གུང་གཞོན་སྡེ་ཚོགས་ཀྱི་བོད་སྐྱོར་ལས་དོན་ལ་གཞོན་ནུ་ཁེ་ལས་ཅན་རང་འགུལ་ངང་ཞུགས་པར་ཁྲིད་སྟོན། གཞོན་ནུ་ཁེ་ལས་ཅན་གྱི་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ལས་གནས་མཁོ་འདོན་བྱེད་པ། ལྗོངས་ཕྱིར་ལས་ཞུགས་དང་། ཁྲོམ་རར་ལས་ཞུགས། ལས་ཞུགས་ཡག་པོ་བཅས་ཐུབ་པ་བྱ་ཆེད། ཀྲུང་གོ་གཞོན་ནུ་ཁེ་ལས་ཅན་མཐུན་ཚོགས་དང་། རྒྱལ་ཁབ་མ་འཇོག་མི་ཤུགས་ཐོན་ཁུངས་ཀུང་སི། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་བཅས་ཀྱིས་ད་ཐེངས་ཀྱི་ལས་མི་བསྡུ་བའི་ཆེད་དོན་འདུ་ཚོགས་སྤེལ་རྒྱུ་རེད་འདུག

    ལས་མི་བསྡུ་བའི་དུས་ཚོད།

    2020ལོའི་ཟླ་6ཚེས་17ཉིན་ནས་ཟླ་7ཚེས་17ཉིན་བར།

    བསྡུ་བྱའི་ལས་མི།

    2020ལོའི་ཐེམ་ཁོངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་སྔོན་ལ་བསྡུ་རྒྱུ་དང་། ལྷག་པར་དུ་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་གི་སློབ་མ་སྔོན་ལ་བསྡུ་རྒྱུ།

    མི་གྲངས།

    ཁེ་ལས་47གྱིས་ཁྱོན་མི་33457བསྡུ་རྒྱུ།

    གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་ན་ཞིབ་ཕྲའི་གནས་ཚུལ་ལ་ལྟ་ཐུབ།

    微信图片_20200619163746.png

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།