དབུ་ཤོག
  • འགྲུལ་སྐྱེལ་འབབ་ཚུགས་འདི་མགྱོགས་པོ་སྤོ་མཁན་རེད།

  • ཡོང་ཁུངས།  ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས།   |     སྤེལ་དུས།  2020-06-19

    གྲོང་ནུབ་འགྲུལ་སྐྱེལ་འབབ་ཚུགས་སྤོ་རྒྱུའི་སྤྱི་བསྒྲགས།

    གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་དང་། གྲོང་ཁྱེར་ནང་ཁུལ་གྱི་འགྲིམ་འགྲུལ་འགྲོ་ལམ་འགག་པའི་གནོན་ཤུགས་ཆུང་དུ་གཏོང་བ། འགྲིམ་འགྲུལ་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་ལེགས་སུ་གཏོང་བ། གཞུང་ལམ་གྱི་སྐྱེལ་འདྲེན་ཞབས་ཞུའི་བྱེད་ནུས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་གྲོང་མི་རྣམས་བདེ་འཇགས་ངང་ཕྱིར་སྐྱོད་པ་དང་རླངས་འཁོར་སྒུག་སྡོད་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད། སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། བཅིངས་འགྲོལ་ནུབ་ལམ་དུ་གནས་པའི་གྲོང་ནུབ་འགྲུལ་སྐྱེལ་རླངས་འཁོར་འབབ་ཚུགས་སྤོ་རྒྱུ་ཡིན་པས། ད་ལྟ་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་སྤེལ་རྒྱུ་གཤམ་གསལ་ཏེ།

    གཅིག 2020ལོའི་ཟླ་6ཚེས་30ཉིན་ནས་བཟུང་། གྲོང་ནུབ་འགྲུལ་སྐྱེལ་རླངས་འཁོར་འབབ་ཚུགས་སྒོ་བརྒྱབ་ནས་འགྲུལ་པ་དབོར་མཚམས་འཇོག་རྒྱུ།

    གཉིས། དེ་སྔའི་གྲོང་ནུབ་འགྲུལ་སྐྱེལ་རླངས་འཁོར་འབབ་ཚུགས་ཀྱི་འཁོར་རིགས་ཚང་མ་སྣེའུ་རླངས་འཁོར་འབབ་ཚུགས་དང་གྲོང་བྱང་འགྲུལ་སྐྱེལ་འབབ་ཚུགས་སུ་ཁག་བགོ་རྒྱུ་ཡིན་པ་སྟེ། ལྷ་ས་ནས་ལྷོ་ཁ་དང་། ལྷ་ས་ནས་ཉིང་ཁྲི། ལྷ་ས་ནས་རྒྱལ་རྩེ། ལྷ་ས་ནས་སྨན་གླིང་བཅས་ཀྱི་རླངས་འཁོར་སྣེའུ་འབབ་ཚུགས་ནས་གཏོང་རྒྱུ་དང་། ལྷ་ས་ནས་གཞིས་རྩེ་དང་ལྷ་ས་ནས་ནག་ཆུ་བར་གྱི་རླངས་འཁོར་གྲོང་བྱང་འགྲུལ་སྐྱེལ་འབབ་ཚུགས་ནས་གཏོང་རྒྱུ་རེད།

    གསུམ། ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་འགྲིམ་འགྲུལ་ཚོགས་པའི་སྤྱི་སྤྱོད་རླངས་འཁོར་ཀུང་སིས་ད་ཡོད་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་གཞིར་བཟུང་། གྲོང་ནུབ་འགྲུལ་སྐྱེལ་རླངས་འཁོར་འབབ་ཚུགས་སྤོ་སྐབས། འབབ་ཚུགས་སུ་འགྲུལ་པ་དབོར་མཁན་རླངས་འཁོར་དང་ས་ཆ་དངོས་ལ་ཁྲིད་སྟོན་བྱེད་མཁན་སོགས་བཀོད་སྒྲིག་གང་མང་བྱས་ཏེ། རྒྱ་ཆེའི་འགྲུལ་པའི་དགོས་མཁོ་སྐོང་གང་ཐུབ་བྱ་རྒྱུ་ཡིན།

    བཞི། འགྲུལ་པས་རང་སོ་སོ་སྐྱོད་སའི་རླངས་འཁོར་ལ་ཞུགས་ནས་འགྲོ་སྐྱོད་བདེ་འཇགས་ལ་འགན་ལེན་ཡོང་བ་བྱེད་དགོས་པ་ལས་འགྲུལ་སྐྱེལ་ལག་ཁྱེར་མེད་པའི་རླངས་འཁོར་ལ་སྡོད་མི་རུང་།

    ཆེད་དུ་སྤྱི་བསྒྲགས་འདི་སྤེལ།

    ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས།

                           2020ལོའི་ཟླ་6ཚེས་12ཉིན།


    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།