དབུ་ཤོག>གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྣང་གྲོང་རྡལ་གྱིས“ཏང་འཛུགས་སྐྱོང་དང་མི་རིགས་མཐུན་སྒྲིལ་ཟུང་ འབྲེལ”གྱི་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-19

    འདི་ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྣང་གྲོང་རྡལ་གྱིས་གཞི་རིམ་གྱི་ཏང་འཛུགས་སྐྱོང་དང་མི་རིགས་མཐུན་སྒྲིལ་ཟུང་འབྲེལ་འཕེལ་རྒྱས་གཏོང་བ་དང་མཉམ་དུ་ཡར་སྐུལ་བྱ་རྒྱུ་དེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བའི་རྨང་རྡོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཁྲོད་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱ་རྒྱུ་མངོན་གསལ་དོད་པོར་བཞག་པས། “ཏང་འཛུགས་སྐྱོང་དང་མི་རིགས་མཐུན་སྒྲིལ་ཟུང་འབྲེལ”གྱི་ལས་དོན་ལ་རྣམ་པ་གསར་པ་ཞིག་བཏོད་ཐུབ་ཡོད།

    སྣང་གྲོང་རྡལ་གྱི་གྲོང་ཚོ(གྲོང་ལྷན)ཁག་གིས་ཞིང་འབྲོག་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་སྐད་འཕྲིན་དང་འཁྱུག་དབྱིངས་སོགས་དྲ་ཐོག་གི་ཐབས་ལམ་དང་། “གྲོང་ཚོ་ཀུན་ཁྱབ”ཀྱི་རླུང་འཕྲིན་དང་། དྲིལ་བསྒྲགས་སྒྲོམ་སྟེགས། བརྙན་ཤེལ་LEDསོགས་དྲ་ཕྱིའི་ཐབས་ལམ་གང་ལེགས་སྤྱད་དེ《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》སོགས་ཀྱི་ནང་དོན་ཁྱབ་བསྒྲགས་དང་། བརྒྱུད་གཏོང་། བརྒྱུད་སྤེལ་བཅས་བྱས་ནས། ཞིང་འབྲོག་མང་ཚོགས་ཀྱིས་ཧུར་བརྩོན་ངང་ལྟ་བ་དང་མོས་བསྟོད་བྱ་རྒྱུར་ཁྲིད་སྟོན་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་འཛུགས་གཏོད་ལས་དོན་ནང་ཞུགས་སུ་བཅུག་པས། དམངས་ཡོངས་ཞུགས་པའི་མི་རིགས་མཐུན་སྒྲིལ་འཛུགས་གཏོད་ལས་དོན་གྱི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད། མིག་སྔའི་བར། གྲོང་ཚོ(གྲོང་ལྷན)ཁག་གིས་སྐད་འཕྲིན་ཚོགས་པའི་ནང་འབྲེལ་ཡོད་སྦྲེལ་མཐུད་ཆ་འཕྲིན་90ལྷག་ཙམ་བརྒྱུད་སྤེལ་དང་། “གྲོང་ཚོ་ཀུན་ཁྱབ”རླུང་འཕྲིན་གྱིས་གོང་རིམ་གྱི་འབྲེལ་ཡོད་སྒྲ་ཕབ་ཁྱོན་ཆུ་ཚོད་150ལྷག་ཙམ་བཏང་བ། བརྙན་ཤེལ་LEDནས་དྲིལ་བསྒྲགས་ཀྱི་འབོད་ཚིག་25སྟོན་པ་བཅས་བྱས་པས། མང་ཚོགས་མི་ཐེངས་1300ལྷག་ཙམ་ལ་སློབ་གསོ་ཐོབ་ཡོད།

    གྲོང་ཚོར་བཅའ་སྡོད་ཚན་པ་ཁག་དང་བཅའ་སྡོད་བྱ་ཡུལ་གྲོང་ཚོའི(གྲོང་ལྷན)དབར་ཆ་སྒྲིག་རོགས་སྐྱོར་དང་། སྣང་གྲོང་རྡལ་གྱི་གྲོང་ཚོ(གྲོང་ལྷན)འགན་ལེན་བྱེད་མཁན་འགོ་ཁྲིད་དང་ལས་བྱེད་པས་ཆ་སྒྲིག་གཉེན་འཚོལ་གྱིས་དུད་ཚང་ལ་རོཌ་སྐྱོར་བཅས་ཀྱི“རོཌ་སྐྱོར་གཉིས”ཀྱི་བྱེད་ཐབས་སྤྱད་པ་བརྒྱུད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཚུར་སྣང་ལན་ཆ་མང་བའི་དཀའ་གནད་ཐག་གཅོད་བྱས་པས། ཕན་ཚུན་རོགས་རེས་དང་མཐུན་སྒྲིལ་མཛའ་མཐུན་གྱི་རྣམ་པ་བཟང་པོ་ཞིག་བཏོད་ཐུབ་ཡོད། མིག་སྔའི་བར། ཡིག་ཚཌ་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་སུར་པན་དང་ཀུ་ཤུ་སོགས་འདེབས་འཛུགས་དང་གསོ་ཚགས་ལག་རྩལ་མཛུབ་ཁྲིད་ཐེངས་75བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་འཚོ་བའི་དཀའ་ངལ་དངོས་17སེལ་རོགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།