དབུ་ཤོག>གསར་འགྱུར།
  • སོག་རྫོང་ནོར་འབར་བཟོ་ཚོང་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་བཀྲ་རྡོར་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-19

    མཉམ་ལས་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ནས་ཀུང་སི་ཞིག་གི་ཏུང་ཧྲི་ཀྲང་བར་གྱི་དུས་དང་རྣམ་པ་ཀུན་ཏུ་བཀྲ་རྡོར་གྱིས་ལས་དོན་ཏན་ཏིག་སྒྲུབ་པ་དང་། ཧུར་བརྩོན་དངོས་སྒྲུབ། གཞུང་དྲང་སྤྱོད་གཙང་བཅས་བྱས་ནས། ང་ཚོགས་དང་ལས་བཟོའི་སྣེ་ཁྲིད་དེ་ཕ་ཡུལ་འཛུགས་སྐྲུན་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་ལག་ལེན་ནང་ཧུར་ཐག་ཞུགས་པས། མི་ཚང་མས་བསྔགས་བརྗོད་བྱེད་པའི་མང་ཚོགས་ཀྱི“སྙིང་ཉེ་བ”དང་། ཕྱུག་འགྱུར“སྣེ་ཁྲིད་པ” མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བ་བཅས་ལ་གྱུར་པ་མ་ཟད། སོག་རྫོང་གི“ཞིང་འབྲོག་པའི་ཏང་ཡོན་ཡག་ཤོས”དང་། “དུས་བདེའི་ཁྱིམ་ཚང” དེ་བཞིན“ནག་ཆུ་གྲོང་ཁྱེར་གྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཕུལ་བྱུང་འཛུགས་སྐྲུན་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཡང་ཐོབ་ཡོད།

    གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་བཀྲ་རྡོར་གྱིས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་དང་རྒྱལ་ཁབ་ཀྱིས་གནང་བ་ཞིག་ཡིན་པ་སེམས་ལ་བརྟན་པོར་ངེས་ཡོད།

    2012ལོ་ནས་བཟུང་བཀྲ་རྡོར་གྱིས་སོག་རྫོང་གཡག་ལ་གྲོང་རྡལ་གྲོང་ལྷན་དང་པོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཅིག་ལྕོགས་ཀྱི་འགན་འཁུར་བ་དང་། དེའི་རིང་ཁོང་གིས་རྩ་འཛུགས་ལ་ཏང་ཡོན་6གསོ་སྐྱོང་བྱས་ཡོད།

    སོག་རྫོང་རྫོང་ཨུད་དང་རྫོང་སྲིད་གཞུང་དང་། གཡག་ལ་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་འགོ་ཁྲིད་དང་རོགས་རམ་འོག་བཀྲ་རྡོར་གྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་། མང་ཚོགས་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བཅས་བྱ་རྒྱུ་དེ་ལས་དོན་གལ་ཆེན་ནང་གི་འགངས་ཆེར་བརྩི་བཞིན་ཡོད། ཞིང་འབྲོག་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཁོང་གིས་དེ་སྔའི་བྱེ་རྡོ་ར་བའི་དཔལ་འབྱོར་མཉམ་ལས་ཁང་དེ་ད་ལྟའི་ཡན་ལག་ཀུང་སི་6ཙམ་ཡོད་པའི་ནོར་འབར་བཟོ་ཚོང་ཚད་ཡོད་འགན་འཁྲི་ཀུང་སིར་འཕེལ་རྒྱས་བཏང་སྟེ། གཉེར་སྐྱོང་གི་གཞི་ཁྱོན་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་བས། མ་རྐང་ནང་ཞུགས་མཁན་མང་ཚོགས་རྒྱུན་ཆད་མེད་པར་མང་དུ་སོང་བ་དང་མང་ཚོགས་ཀྱི་ཡོང་འབབ་སྔར་བས་མང་དུ་ཕྱིན་ཡོད།

    ཀུང་སི་བཙུགས་ཚུན། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁྲོད་ནས་ཁྱིམ་དུ་ལས་ཀ་སྒུག་ནས་སྡོད་མཁན་མང་ཚོགས་12ལ་མ་བྱན་དང་ཞབས་ཞུ་བ་སོགས་ཀྱི་ལས་གནས་སྣ་ཚོགས་བཀོད་སྒྲིག་བྱས་ཤིང་། མིག་སྔར་ཀུང་སིའི་ཐོ་འགོད་མ་དངུལ་སྒོར་ཁྲི་2000ལྷག་ཙམ་དང་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་4000ལྷག་ཙམ་ཟིན་པ་མ་ཟད། ལས་མི་48ཡོད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡང་ཀུང་སི་ཡོངས་ལ་ལས་ཞུགས་ཐུབ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།