ད་ཕན་ལོ་ཤས་རིང་། སྣང་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དེ་གྲོང་ཚོ(གྲོང་ལྷན)དང་། སློབ་གྲྭ དཔུང་སྡེ། དགོན་སྡེ་བཅས་སུ་དྲིལ་བསྒྲགས་བྱེད་པའི་ནང་དོན་གཙོ་བོར་བཅུག་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་བྱེད་སྒོ་ལས་ཁུངས་དང་། ཤང་དང་གྲོང་རྡལ། གྲོང་ཚོ(གྲོང་ལྷན)སློབ་གྲྭ དགོན་སྡེ། དཔུང་སྡེ། ཁེ་ལས། མཛེས་ལྗོངས་ཁུལ། ཁྱིམ་ཚང་བཅས་སུ་ཁྱབ་གདལ་གཏིང་ཟབ་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་ལ་སྣང་ཆེན་དང་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་སྔར་བས་སྐུལ་སྤེལ་བྱས་པ་རེད། འདི་ནི་སྣང་རྫོང་གིས་སློབ་གྲྭར་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བཞིན་པ།