དབུ་ཤོག>གསར་འགྱུར།
  • “རྒྱལ་ཡོངས་ཀྱི་མི་རིཌ་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ”ཀྲུང་གུང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཨུ་ཡོན་ལྷན་ཁང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-19

    “བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”དུ་གྲགས་པའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་བསྐྱོད་སྐབས་གང་སར་་མཐུན་སྒྲིལ་གྱི་སྟོབས་ཤུགས་དང་ཞི་མཐུན་གྱི་རྣམ་པ་མངོན་བཞིན་མཆིས།

    བོད་རིགས་དང་། རྒྱ་རིགས། ཧུད་རིགས། མོན་པ་རིགས། ལྷོ་པ་རིགས་སོགས་མི་རིགས་བཅུ་ལྷག་ཙམ་འདུས་སྡོད་བྱས་པའི་སྤྱི་ལེ་ངོས་གྲུ་ཁྲི་གཅིག་ལྷག་ཙམ་གྱི་ས་གཞི་འདིའི་སྟེང་མི་རིགས་ཁག་གི་བུ་ཕྲུག་རྣམས་སེ་འབྲུའི་གོང་བུ་བཞིན་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་གང་སར་མཐུན་སྒྲིལ་མེ་ཏོག་གི་དྲི་བསུང་འཐུལ།

    “བོད་ལ་ཞི་བའི་བཅིངས་འགྲོལ་བཏང་མ་ཐག་ཡིན་པས་ཁྱེད་ཚོས་བོད་ལྗོངས་འཛུཌ་སྐྲུན་ཡག་པོ་བྱེད་དགོས”ཐང་སྟེང་གྲོང་ཚོའི་ལོ་87ལ་སླེབས་པའི་ཏང་ཡོན་རྒན་གྲས་འཛོམས་པས་དུས་རབས་གོང་མའི་ལོ་རབས་དྲུག་ཅུར་ངར་མའོ་ཀྲུའུ་ཞིས་མཇལ་འཕྲད་ཐེངས་གཉིས་གནང་མྱོང་ཡོད། ངས་མའོ་ཀྲུའུ་ཞིའི་བཀའ་མོལ་སེམས་ལ་བརྟན་པོར་ངེས་ཡོད། ལོ་ལྔ་བཅུ་ལྷག་ཙམ་རིང་། “བོད་ལྗོངས་འཛུགས་སྐྲུན་ཡག་པོ་བྱེད་དགོས”ཞེས་པའི་རྒྱུག་མཐུད་དབྱུག་པ་དེ་ཐང་སྟེང་གྲོང་ཚོར་མི་རབས་ནས་མི་རབས་བར་རྒྱུན་མཐུད་བྱས་ཡོད། གྲོང་ཚོ་ཡོངས་སུ་མི་སེམས་གཅིག་སྒྲིལ་དང་བསམ་བློ་ཡར་བརྩོན་གྱིས་ལྗོངས་ཡོངས་ཀྱི་སྔོན་དུ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བསྐྲུན་པ་དང་། “སྐར་ལྔའི་ཏང་ཡོན་དང་སྐར་བཅུའི་ཞིང་དུད”བཏོད་འདེམས་བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་བ་རེད། 2016ལོར་ཐང་སྟེང་གྲོང་ཚོའི་ཏང་ཀྲི་པུའུ་ལ“རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུཌ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    བྲག་ཡིབ་ཆུས་ཨུད་ཀྱིས“མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ”གྱི་མི་རིགས་ལས་དོན་གྱི་བརྗོད་དོན་གཙོ་བོ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། རིམ་ཁག་ཏང་རྩ་འཛུགས་དང་། ཏང་གི་ལས་དོན་སྒྲུབ་མཁན། རྒྱ་ཆེའི་ཏང་ཡོན་མང་ཚོགས་བཅས་ཀྱིས་འགན་འཁྲི་དོན་འཁྱོལ་ལ་སེམས་ནུས་གཅིག་སྒྲིལ་ཐུབ་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ཏང་ཡོན་གྱི་ཐོབ་ཐང་གསལ་སྟོན་ཐད་མིག་དཔེ་འདོན་པ་བཅས་ལ་ཁྲིད་སྟོན་བྱས་ནས། “ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”བཅས་དོན་འཁྱོལ་གཏིང་ཟབ་ཐུབ་པར་བྱས་ཡོད།

    ལྕག་སྐུལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། དཔེ་སྟོན་སྡེ་ཁུལ་དང་། དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ། དཔེ་སྟོན་དགོན་སྡེ། དཔེ་སྟོན་ཁྱིམ་ཚང་། “མནའ་མ་ཡག་པོ” “སྒྱུག་མོ་ཡག་པོ” “གྲྭ་བཙུན་ཡག་པོ” “ཡ་རབས་ཁྱིམ་ཚང” “མི་སྣ་ཡག་ཤོས” “ཉེ་འགྲམ་གྱི་དཔེ་མཚོན”

    སོགས་ཀྱི་གཏོད་འདེམས་བྱེད་སྒོ་སྤེལ་ནས་སྐབས་བདུན་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་གི་མིང་འདོན་བྱ་དགའ་དང་བོད་རང་སྐྱོང་ལྗོངས་ཀྱི“དུས་རབས་ཀྱི་མིག་དཔེའི”བྲག་ཡིབ་ཆུས་སློབ་འབྲིང་གི་དེ་སྔའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་རྣམ་རྒྱལ་སོགས་སྔོན་ཐོན་དཔེ་མཚོན་འབོར་ཆེན་བཏོད་ཡོད། ལོ་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་བྱེད་སྒོ་ཐེངས་རེ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཉེ་བའི་ལོ་གསུམ་རིང་ཆུས་ཨུད་ཀྱིས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མཉམ་སྡེབ་42དང་སྔོན་ཐོན་མི་སྒེར་55འདེམས་སྒྲུག་འོས་སྦྱོར་བྱས་ནས་གཟེངས་བསྟོད་བྱས་པ་དང་། དཔེ་སྟོན་ཚན་པ(དགོན་སྡེ་དང་ཁྱིམ་ཚང)16འཛུགས་གཏོད་བྱས་པ་རེད།

    རྒྱལ་ཁབ་དང་མི་རིགས་ཡག་པོ་བྱུང་ན་ཚང་མ་ཡག་པོ་ཡོང་ཐུབ། ཉི་ཁྲི་ལྷ་ཁང་གི་དགེ་འདུན་པ་ཨ་བཀྲས་ང་ཚོ་ཚང་མའི་མདུན་ལམ་དང་ལས་དབང་དེ་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་དམ་ཟབ་ཡོད་པས་མཐའ་མཚམས་བརྟན་ལྷིང་དང་། མི་རིགས་དར་རྒྱས། རྒྱལ་ཁབ་སྟོབས་འབྱོར་བཅས་ལྡན་ན་མི་དམངས་ལ་བདེ་སྐྱིད་ངོ་མ་ཡོང་ཐུབ་ཅེས་བཤད། ཨ་བཀྲར་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱི“རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན”དང་བྲག་ཡིབ་ཆུས་ཀྱི“མི་སྣ་ཡག་ཤོས”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་ཡོད།

    ཐེམ་ཁུངས་བྲག་ཡིབ་ཆུས་ནས་ཡིན་པའི་ཞིང་འབྲོག་པར་ཆུས་དང་ཤང་རིམ་པ་གཉིས་ཀྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་ལ་སྨན་རིན་ཚང་མ་སྤྲོད་མི་དགོས་པའི་སྲིད་ཇུས་ལག་ལེན་བསྟར་བ་མ་ཟད། ནད་ཆེན་སྤྱི་འདོམས་རྩིས་ཞུའི་ལམ་ལུགས་ལག་ལེན་བསྟར་བ་རེད། 2018ལོའི་ཟླ་3པར། བྲག་ཡིབ་ཆུས་ཀྱི་ལས་ཞུགས་ལས་གཏོད་ཀྱི་དཔེ་སྟོན་ཁྲོམ་གཞུང་བཏོད་དེ་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་གནད་སྨིན་དབུལ་སྐྱོར་དུད་ཚང་གི་མི་གྲངས་79ལས་ཞུགས་ལས་གཏོད་ཐུབ་རྒྱུར་སྣེ་ཁྲིད་བྱས་པ། མ་དངུལ་སྒོར་ཁྲི་4053བཏང་སྟེ་སློབ་གྲྭའི་སྒྲིག་ཆས་ལེགས་སུ་བཏང་བ། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ཟླ་རེར་སྒོར་750བར་མང་དུ་བཏང་བ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ལོ་རེར་སྒོར་4450བར་མཐོ་རུ་བཏང་བ། མ་དངུལ་སྒོར་ཁྲི་5972བཏང་ནས་སྤྱི་པའི་སྡོད་ཤག་དང་། བྱེད་ནུས་མང་བའི་བྱེད་སྒོ་ཁང་། ཁྲུས་ཁང་། སྨན་བཅོས་འཕྲོད་བསྟེན་ཐོག་བརྩེགས་ཁང་སོགས་གཞི་གཅིག་ཅན་གྱི་བྲབ་ཡིབ་ཆུས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་བསྐྲུན་ཏེ་ཟས་གོས་འགྲོ་སྡོད་དང་སྨན་བཅོས་བཅས་ཚང་མ་འགན་ལེན་བྱས་པ་རེད།

    རོགས་སྐྱོར་བྱ་ཤུགས་ཆེ་རུ་བཏང་ཞིང་། གྲངས་ཉུང་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་དང་། མི་རིགས་ཀྱི་ཁྱད་ལྡན་གསོ་ཚགས། ཁྱད་ལྡན་གྲོང་ཚོ་སྲུང་སྐྱོང་སོགས་ཀྱི་རྣམ་གྲངས་61ལྷག་ཙམ་བཅས་འཕེལ་རྒྱས་གཏོང་རྒྱུར་མ་དངུལ་སྒོར་ཁྲི་3588རོགས་སྐྱོར་བྱས་ཡོད། ཀོང་པོ་དང་། མོན་པ། ལྷོ་པ་སོགས་ཀྱི་ཁྱད་ལྡན་མི་རིགས་རིག་གནས་ཐོན་ཁུངས་སྔོག་འདོན་དང་སྐྱོང་སྤེལ་གང་ལེགས་བྱས་ཏེ། ཀོང་ཆས་དང་ཀོ་གྲུ་བཟོ་བའི་ལག་རྩལ་སོགས་མངོན་མིན་རིག་གནས་ཤུལ་བཞག་ཁག་བདུན་གྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཤུགས་ཆེན་བྱས་ནས“ཉིང་ཁྲི་གྲོང་རྡལ་གྱི་ཉང་ཆུའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན”དང་། “ཀླུ་ནང་ཀོང་པོའི་འབྲོག་གླུའི་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན” “བུ་ཆུ་ཀོང་པོའི་གདོད་མའི་རིག་གནས་ཡུལ་སྐོར་དུས་ཆེན”སོགས“ཤང་རེར་དུས་ཆེན་རེའི”ཁྱད་ལྡན་བརྗོད་དོན་གཙོ་བོའི་རིག་གནས་ཡུལ་སྐོར་དུས་ཆེན་བཏོད་པ་དང་། “ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ”ནུས་ཤུགས་ཡོད་རྒུས་བཏོད་དེ་བྲག་ཡིབ་ཆུས་ཀྱི་མི་རིགས་ཁག་གི་མི་དམངས་དབར་ལྟ་རེས་སྐྱོང་རེས་བྱེད་པའི་བསམ་པའི་ཁྱིམ་གཞིས་བསྐྲུན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།