དབུ་ཤོག
  • དེ་རིང་སང་ཉིན་ནང་ལྷ་སར་ཆར་པ་འབབ་རྒྱུ་རེད་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-18

    ཉིན་ཤས་བསྟུད་མར་ལྷ་སར་ཉི་མ་ཚ་ཞིང་ཆར་ཆུ་ཉུང་བའི་གནམ་གཤིས་བསྟན་པས། ལྷ་སའི་ཁྲོམ་གཞུང་གང་སར་བསིལ་ཆས་སྤྲོས་མཁན་དང་ཉི་གདུགས་རྒྱག་མཁན་གྱིས་ཁེངས་ཤིང་། མི་མང་པོ་ཞིག་གིས་ག་དུས་ཆར་པ་ཞིག་འབབ་ཀྱི་རེད་དམ། ད་ཆར་པ་ཞིག་བབས་ན་ཡག་པོ་ཡོང་བ་འདུག དེ་མིན་ན་ཚ་བས་རུལ་གྲབས་བྱེད་ཀྱི་འདུག་ཅེས་ཕན་ཚུན་ཤོད་རེས་བྱེད་ཀྱི་ཡོད།  དེར་བརྟེན། ཚེས་16ཉིན་གྱི་སྔ་དྲོ། གསར་འགོད་པས་ཆེད་མངགས་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱི་དབུ་བཞུགས་སྔོན་བརྡ་གཏོང་མཁན་ཡུས་ཡན་ཆུན་ལ་འདིའི་ཐད་བཅར་འདྲི་བྱས་པ་ཡིན། 

    བཅར་འདྲི་བྱས་པ་བརྒྱུད། དགའ་འོས་པ་ཞིག་ལ་མ་འོངས་ཉིན་གསུམ་ནང(ཚེས་17དང་། ཚེས་18 ཚེས་19ཉིན་)ལྷ་སའི་ཚ་གདུག་ཆེ་བའི་གནམ་གཤིས་མཇུག་འགྲིལ་རེ་འདུག “ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་གསར་ཤོས་ལས་མངོན་པར། མ་འོངས་ཉིན་གསུམ་ནང་ལྷ་ས་གྲོང་ཁྱེར་དུ་སྤྲིན་པ་མང་པོ་འཁོར་ནས་ཐོལ་ཆར་འབབ་རྒྱུ་དང་། ཕྱི་དྲོ་དང་ས་སྲོས་སུ་འབྲུག་ཆར་འབབ་རྒྱུ་རེད”ཅེས་ཡུས་ཡན་ཆུན་གྱིས་བརྗོད་ཀྱི་འདུག་ལ། ཁོང་གིས་ཚང་མ་ཕྱིར་ཐོན་སྐབས་ཆར་གདུགས་སོགས་འཁྱེར་དགོས་པའི་དྲན་སྐུལ་བྱེད་ཀྱི་འདུག 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།