དབུ་ཤོག>གསར་འགྱུར།
  • འདི་ལོར་བོད་སྐྱོར་གྱི་དབུལ་སྐྱོར་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་159གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2020-06-17

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། བོད་སྐྱོར་ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ད་ལོར་དབུལ་སྐྱོར་རོགས་སྐྱོར་རྣམ་གྲངས་312བཀོད་སྒྲིག་བྱས་པར་དངུལ་འབོར་སྒོར་དུང་ཕྱུར་159ཙམ་ཟིན་ཞིང་། ཁྱབ་ཁོངས་སུ་ཐོན་ལས་དང་། སློབ་གསོ། འཛད་སྤྱོད། ལས་ཞུགས། ཚན་རྩལ་སོགས་ཚུད་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། དབུལ་སྐྱོར་རྣམ་གྲངས་དེ་དག་ཁྲོད་རྨང་གཞིའི་སྒྲིག་བཀོད་རིགས་ཀྱི་རྣམ་གྲངས་76ཡོད་པར་མ་དངུལ་སྒོར་ཁྲི་22.67གཏོང་རྒྱུ་དང་། ཐོན་ལས་རིགས་ཀྱི་རྣམ་གྲངས་67ཡོད་པར་མ་དངུལ་སྒོར་ཁྲི་45.94གཏོང་རྒྱུ། སློབ་གསོའི་རིགས་ཀྱི་རྣམ་གྲངས་58ཡོད་པར་མ་དངུལ་སྒོར་ཁྲི་10.65གཏོང་རྒྱུ། བདེ་ཐང་རིགས་ཀྱི་རྣམ་གྲངས་43ཡོད་པར་མ་དངུལ་སྒོར་ཁྲི་4.74གཏོང་རྒྱུ། འཛད་སྤྱོད་རིགས་ཀྱི་རྣམ་གྲངས་25ཡོད་པར་མ་དངུལ་སྒོར་ཁྲི་8.38གཏོང་རྒྱུ། ལས་ཞུགས་གཞན་སྒྱུར་རིགས་ཀྱི་རྣམ་གྲངས་18ཡོད་པར་མ་དངུལ་སྒོར་ཁྲི་0.21གཏོང་རྒྱུ། མ་འཇོག་སྐུལ་ཁྲིད་རྣམ་གྲངས་15ཡོད་པར་མ་དངུལ་སྒོར་ཁྲི་35.52གཏོང་རྒྱུ། ཚན་རྩལ་རིགས་ཀྱི་རྣམ་གྲངས་10ཡོད་པར་མ་དངུལ་སྒོར་ཁྲི་30.66གཏོང་རྒྱུ་བཅས་རེད།

    ལོ་མང་རིང། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། རོགས་སྐྱོར་ཁྱབ་ཁོངས་རྒྱ་བསྐྱེད་པ་བརྒྱུད། མ་དངུལ་སྤྲོད་པ་དང་རྣམ་གྲངས་བསྐྲུན་པའི“གཞན་བརྟེན”རྣམ་པའི་རོགས་སྐྱོར་ནས་རིམ་བཞིན་ཐོན་ལས་སྐྱེད་སྲིང་དང་ལག་རྩལ་རྒྱབ་སྐྱོར་སོགས“རང་བརྟེན”རྣམ་པའི་རོགས་སྐྱོར་ལ་འགྱུར་ལྡོག་སོང་བ་དང་། 2016ལོའི་ཚུན་རིམ་རྩིས་བྱས་ན་བོད་སྐྱོར་གྱི་དབུལ་སྐྱོར་རྣམ་གྲངས་1696དོན་འཁྱོལ་བྱས་པར་མ་དངུལ་སྒོར་དུང་ཕྱུར་162.73བཏང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།